《བོད་ལྗོངས་ཀྱི་མཁའ་དབྱིངས》ཞེས་པར་གློག་བརྙན་ཧྭ་པུའོ་བྱ་དགའ་ཐོབ།
ངག་དབང་རིན་ཆེན་གྱིས་གློག་བརྙན་ཁྲོད་ཀྱི་བསྟན་འཛིན་འཁྲབ་སྟོན་བྱེད་པ།
ཟླ12པའི་ཚེས26ཉིན། སྐབས་བཅོ་ལྔ་བའི་ཀྲུང་གོའི་གློག་བརྙན་ཧྭ་པུའོ་བྱ་དགའ་དང་སྐབས་ཉེར་དུག་བའི་ཀྲུང་གོའི་བརྙན་འཕྲིན་མཁའ་འཕུར་བྱ་དགའ་གནང་བའི་མཛད་སྒོ་དེ་པེ་ཅིང་དུ་སྤེལ་ཞིང་། ཧྲང་ཧེ་གློག་བརྙན་ཐུན་ཚོགས་ཀྱིས་སྤེལ་བའི་གློག་བརྙན《བོད་ལྗོངས་ཀྱི་མཁའ་དབྱིངས》ཞེས་པར་གློག་བརྙན་ཧྭ་པུའོ་བྱ་དགའི་ཕུལ་བྱུང་གཏམ་རྒྱུད་ཀྱི་བྱ་དགའ་དང་ཕུལ་བྱུང་མི་རིགས་གློག་བརྙན་གྱི་བྱ་དགའ་ཐོབ་པ་དང་། གློག་བརྙན་འདིའི་འཁྲབ་གཙོ་པ་ངག་དབང་རིན་ཆེན་ལ་ཧྭ་པུའོ་བྱ་དགའི་ཕུལ་བྱུང་མི་གསར་གྱི་བྱ་དགའ་ཐོབ་པ་རེད།
གློག་བརྙན་ཕབ་བསྐྲུན་བྱེད་པའི་རྣམ་པ།
《བོད་ལྗོངས་ཀྱི་མཁའ་དབྱིངས》ཞེས་པའི་གློག་བརྙན་འདི་ནི་ཧྲང་ཧེ་གློག་བརྙན་ཐུན་ཚོགས་ཀྱིས་སྒྲིག་བཟོ་བྱས་ཤིང་དུས་ཡུན་ལོ་གསུམ་ལ་ཉེ་བའི་དུས་ཚོད་སྤྱད་པ་དང་། མིང་དུ་གྲགས་པའི་རྩོམ་པ་པོ་ཨ་ལེ་ཡིས་ལོ་རྒྱུས་དཔྱད་ཡིག་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཡིག་འབྲུ་ཁྲི6ལྷག་གི་གློག་བརྙན་འཁྲབ་གཞུང་བརྩམས་ཤིང་། འཁྲབ་ཁྲིད་པ་ཧྥུ་ཏུང་ཡུས་དངོས་ཐོག་བདེན་པའི་སྒོ་ནས་སྐྱེས་མའི་གཙོ་འཁྲབ་པ་དབྱང་ཤུའུ་ལས་གཞན་གཙོ་འཁྲབ་པ་ཐམས་ཅད་བོད་རིགས་འཁྲབ་སྟོན་པ་ཡིན་ཏེ་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་བསོད་ནམས་སྒྲོལ་དཀར་དང་། ངག་དབང་རིན་ཆེན། ལྷ་དབང་ནོར་བུ་སོགས་ཀྱིས་འགན་ཁུར་ཡོད། གཏམ་གླེང་ཡོད་ཚད་བོད་སྐད་ཡིན།
གློག་བརྙན་གཏམ་རྒྱུད་ཀྱི་དུས་རབས་རྒྱབ་ལྗོངས་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་སྔོན་གྱི་དུས་རབས་སྔོན་མའི་ལོ་རབས40བའི་དུས་དཀྱིལ་ནས་མགོ་བརྩམས་ཏེ་དུས་རབས20བའི་ལོ་རབས80བར་རྒྱུན་མཐུད་ཅིང་། གཞིས་བདག་གི་སྐུ་སྲས་བསྟན་འཛིན་དང་གཡོག་པོ་ནོར་བུ་དབར་གྱི་འགལ་འབྲེལ་གཞི་བྱས་ཏེ་མི་སྣ་འདི་གཉིས་གའི་བོད་ལྗོངས་ཞི་བའི་བཅིངས་འགྲོལ་གྱི་དུས་སྐབས་དང་། དམངས་གཙོ་བཅོས་སྒྱུར་གྱི་དུས་སྐབས། བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་སྐབས་བཅས་གལ་ཆེ་བའི་དུས་སྐབས་འདི་གསུམ་དུ་མི་སྒེར་གྱི་ལས་དབང་དང་བསམ་བློའི་འགྱུར་བ་བརྗོད་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com