སྨན་ཐང་བའི་ཐང་ག105ཁྲིན་ཏུའུ་རུ་བཀྲམ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-05 10:37:00 ཀློག་གྲངས།:

105幅勉唐派唐卡亮相成都
སྨན་ཐང་བའི་ཐང་གའི་འགྲེམ་སྟོན་མཛད་སྒོའི་ཡུལ་དངོས།

  ཟླ1པོའི་ཚེས2ཉིན་ནས་ཚེས6ཉིན་བར་དུ། གངས་ལྗོངས་ཀྱི་གཅེས་ནོར་ཏེ་སྨན་ཐང་བའི་བྲིས་རྒྱུན་གྱི་ཐང་གའི་འགྲེམ་སྟོན་དེ་སི་ཁྲོན་ཁྲིན་ཏུའུ་རུ་བསྡུས་ཤིང་། ཐེངས་འདིའི་འགྲེམ་སྟོན་སྟེང་ཐང་ག་གསར་པ103དང་། ལོ་རྒྱུན་གྱི་རིན་ཐང་ཆེན་པོ་ལྡན་པའི་ཐང་ག་རྙིང་བ2བཅས་བསྡོམས་པས་ཐང་ག105ཡོད་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་ཐང་གའི་འགྲེམ་སྟོན་ནི་ལྷོ་ནུབ་ས་ཁུལ་དུ་སྤེལ་བའི་བོད་བརྒྱུད་ནང་བསྟན་གྱི་ཐང་གའི་འགྲེམ་སྟོན་ཆེ་ཤོས་ཤིག་ཡིན་པར་མ་ཟད། འགྲེམ་སྟོན་སྟེང་གི་ཐང་གའི་བརྩམས་ཆོས་ཡོངས་ནི་གཞིས་ཀ་རྩེའི་ཐང་གའི་ལྷ་རིས་པ་རྣམས་ཀྱིས་འབྲི་བཞེངས་བྱས་པ་ཡིན་པས། གཞིས་ཀ་རྩེའི་ སྨན་ཐང་བའི་བྲིས་རྒྱུན་གྱི་ལྷ་རིས་པའི་ཆེད་སྤེལ་འགྲེམ་སྟོན་ཞིག་ཀྱང་ཡིན་པ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།