གཏེར་ལེན་ཁའི་གནམ་གྲུ་ཐང་ལེགས་འགྲུབ་འབྱུང་ལ་ཉེ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-15 11:33:00 ཀློག་གྲངས།:

今后西宁到德令哈仅需45分钟
ཡུལ་དེའི་མང་ཚོགས་ཀྱིས་འཕུར་སྐྱོད་ཞིབ་བཤེར་བྱས་པའི་གནམ་གྲུ་འབབ་པར་བསུ་བ་བྱེད་བཞིན་པ།

  ཟླ1པོའི་ཚེས13ཉིན། མཚོ་སྔོན་གཏེར་ལེན་ཁ་གྲོང་ཁྱེར་གྱི་གནམ་གྲུ་ཐང་གི་འཕུར་སྐྱོད་ཞིབ་བཤེར་བྱ་བ་དངོས་སུ་འགོ་ཚུགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་དམངས་སྤྱོད་གནམ་གྲུ་ཐང་བཞི་བ་སྟེ་གཏེར་ལེན་ཁའི་གནམ་གྲུ་ཐང་བསྐྲུན་པ་རེད།
  གཏེར་ལེན་ཁའི་དམངས་སྤྱོད་གནམ་གྲུ་ཐང་ནི2011ལོའི་ཟླ5པའི་ཚེས27ཉིན་བསྐྲུན་འགོ་བརྩམས་ཤིང་། གྲོང་ཁྱེར་གྱི་ལྟེ་གནས་བར་དུ་སྤྱི་ལེ33ཡོད་པ་རེད། གནམ་གྲུ་ཐང་དེའི་རྒྱུག་ལམ་གྱི་རིང་ཚད་ལ་སྨི3000དང་། ཞེང་ལ་སྨི45། གནམ་གྲུར་སྒུག་སའི་ཐོག་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4400ཡོད་ལ། 2020ལོར་འགྲོན་པོ་མི་ཐེངས་ཁྲི16འགྲོ་འོང་ཐུབ་པ་རེད།
  འཕུར་སྐྱོད་ཞིབ་བཤེར་རྗེས་སུ་མཚོ་སྔོན་གནམ་གྲུ་ཐང་ཀུང་ཟིས་ལས་གྲྭ་ལེགས་འགྲུབ་བྱུང་བར་རྩིས་ལེན་དང་ཚོད་ལྟའི་འཕུར་སྐྱོད་སོགས་ཀྱི་བྱ་བ་མྱུར་དུ་སྤེལ་རྒྱུ་ཡིན་ཞིང་། སྔོན་དཔག་ལྟར་ན་ད་ལོའི་ཟླ5པར་ཤར་གཏོང་བྱ་རྒྱུ་ཡིན་ལ། གཏེར་ལེན་ཁ་ནས་ཟི་ལིང་བར་དུ་སྐར་མ45ཡིས་ཐོན་ཐུབ་པ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།