སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་ལ་མེ་སྐྱོན་ཤོར་བར་སྤྱི་ཕན་འཁྲབ་སྟོན་བྱ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-15 15:12:00 ཀློག་གྲངས།:

 不灭之光——香格里拉独克宗古城赈灾公益演出
སྤྱི་ཕན་འཁྲབ་སྟོན་གྱི་ཁྱབ་སྒྲོག་པར་རིས།

  ཟླ1པོའི་ཚེས11ཉིན། ཡུན་ནན་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་ལ་མེ་སྐྱོན་ཤོར་ནས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་མཁར་ཡོངས་སུ་བརླག་མེད་དུ་བཏང་བས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་ནས་གནའ་མཁར་བསྐྱར་བསྐྲུན་བྱ་ཆེད། ཟླ1པོའི་ཚེས17ཉིན་གྱི་དགོང་མོར་པེ་ཅིང་དུ་གཟི་འོད་ནམ་ཡང་ཞེས་པའི་སྤྱི་ཕན་འཁྲབ་སྟོན་བྱ་རྒྱུ་རེད།
  གླུ་བ་བདེ་སྐྱིད་ཚེ་རིང་དང་། མ་ཎི་རྡོ་འབུམ་རོལ་ཚོགས། ཨ་ཅག་ཚན་སྡེབ། བཀྲ་ཤིས་དོན་གྲུབ་སོགས་སྤྱི་ཕན་འཁྲབ་སྟོན་སྟེང་ཞུགས་ནས་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། འཁྲབ་སྟོན་གྱི་འཛིན་བྱང་ལ་རིན་གོང་བཅད་མེད་པར་སོ་སོའི་རང་འདོད་ལྟར་ཞལ་འདེབས་སུ་གནང་བ་དང་། འཁྲབ་སྟོན་སྟེང་བསྡུས་པའི་ཡོང་སྒོ་ཡོངས་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་བསྐྱར་བསྐྲུན་བྱེད་པར་གནང་རྒྱུ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།