ད་ལོར་ཁོར་ཡུག་སྲུང་སྐྱོབ་པུས་སྐྱེ་ཁམས་སྲུང་སྐྱོབ་ཚད་གཞི་གཏན་འཁེལ་བྱ་རྒྱུ།

རྩོམ་པ་པོ།:བཀྲ་ཤིས་འབུམ། ཡོང་ཁུངས།:ཞིན་ཧྭ་གསར་འགྱུར་དྲ་བ། དུས་ཚོད།:2014-02-05 09:01:00 ཀློག་གྲངས།:
      གསར་འགོད་པས་ཟླ2པའི་ཚེས1ཉིན་ཁོར་ཡུག་སྲུང་སྐྱོབ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཁོར་ཡུག་སྲུང་སྐྱོབ་པུས་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཚད་གཞི་སྟེ་སྐྱེ་ཁམས་ནུས་པའི་ཚད་གཞི་གཏན་འཁེལ་ལག་རྩལ་མཛུབ་སྟོན་ཕྱོགས་སྟོན་ཞེས་པ་འགྲེམ་སྤེལ་བྱས་པ་དང་དེ་ནི་རང་རྒྱལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཚད་གཞི་གཏན་འཁེལ་བྱས་པའི་རྩ་འཛིན་རང་བཞིན་གྱི་ལག་རྩལ་མཛུབ་སྟོན་ཡིག་ཆ་ཐོག་མ་ཡིན་ལ། 2014ལོར་རང་རྒྱལ་གྱིས་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཚད་གཞིའི་གཏན་འཁེལ་བྱ་བ་ཡོངས་འགྲུབ་བྱ་རྒྱུ་རེད།
      མཛུབ་སྟོན་ཕྱོགས་སྟོན་འགྲེམ་སྤེལ་བྱས་པ་དེ་ལས་སྐྱེ་ཁམས་སྲུང་སྐྱོབ་ཚད་གཞི་གཏན་འཁེལ་བྱ་བ་དེ་རྒྱལ་ཡོངས་སུ་ལག་བསྟར་བྱེད་པའི་དུས་སྐབས་སུ་བསླེབས་པ་མཚོན་ཡོད་པ་དང་གོ་རིམ་རྗེས་མར་ཁོར་ཡུག་སྲུང་སྐྱོབ་པུས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལག་རྩལ་གསོ་སྦྱོང་བྱ་བ་བསྒྲུབ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།