སྐུ་འབུམ་དགོན་དུ་འཆམ་འཁྲབ་པའི་བྱེད་སྒོ་སྤེལ་བ།
སྐུ་འབུམ་དགོན་དུ་འཆམ་འཁྲབ་པའི་བྱེད་སྒོ་སྤེལ་བ།
ཟླ2པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་སྐུ་འབུམ་དགོན་དུ་འཆམ་འཁྲབ་པའི་བྱེད་སྒོ་སྤེལ་བ་དང་། འཆམ་འཁྲབ་པའི་གྲྭ་བཙུན་རྣམས་ཀྱིས་གདོང་འབོག་སོགས་ཆོས་ལུགས་བྱེད་སྒོའི་གྱོན་ཆས་སྤྲས་ཏེ་རྐང་ལག་གི་ཉམས་འགྱུར་སོགས་ལས་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཀྱི་དོན་བསྟན་པ་ཡིན། དེས་དད་ལྡན་མང་ཚོགས་དང་གནས་སྐོར་བ་སོགས་མི1000ལ་ཉེ་བའི་ཡིད་དབང་བཀུག་ཡོད། རྒྱུས་ལོན་པ་ལྟར་ན། སྐུ་འབུམ་དགོན་གྱི་འཆམ་འཁྲབ་པའི་བྱེད་སྒོ་འདི་ལ་དུས་ཡུན་ལོ་ངོ300ལྷག་གི་ལོ་རྒྱུས་ལྡན་པ་རེད།
འཆམ་འཁྲབ་པ།
ཟུར་བཀོད།
བོད་ཀྱི་དགོན་སྡེ་ཁག་གི་གར་འཆམ་ནི་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་ལ། དེའང་བོད་ཀྱི་བསྟན་པ་སྔ་དར་ཏེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐབས་སུ་ཐོག་མར་རྣལ་འབྱོར་བ་རང་ཉིད་ཐ་ མལ་བའི་རྟོག་པ་དང་བྲལ་ཏེ་ཡི་དམ་ལྷའི་ང་རྒྱལ་གྱི་ངང་ནས་ལག་ཏུ་མཚོན་ཆ་ལ་སོགས་ པའི་ཕྱག་མཚན་སྣ་ཚོགས་བསྣམས་ནས་འཆམ་རྒྱག་པ་དེ་ནི་གསང་སྔགས་ཀྱི་ཆོས་ལུགས་ཁོ་ ནར་བརྩིས་ནས་མི་གཞན་གྱིས་རྩ་བ་ནས་ལྟ་མི་ཆོག་པའི་གསང་བ་ཅན་ཞིག་རེད། དེའི་རྗེས་རིམ་བཞིན་དམངས་ཁྲོད་ཀྱི་ཟློས་གར་དུ་གྱུར་པ་ནི་ལོ་དགུ་བརྒྱ་ཙམ་ གྱི་སྔོན་དུ་ཨ་ཅེ་སྣང་སའི་རྣམ་ཐར་གྱི་ཐོག་ནས་རྒྱལ་རྩེ་གནས་རྙིང་དགོན་པའི་ འཆམ་གཟིགས་ལྟད་མོ་ནི་སེར་སྐྱ་མི་སྣ་སུ་འདྲ་ཞིག་གིས་ཀྱང་བལྟས་ཆོག་པའི་གར་ འཆམ་ ཞིག་ཡིན་པ་ར་འཕྲོད་གསལ་པོ་ཐུབ་ཀྱི་ཡོད། གར་འཆམ་གྱི་གཙོ་བོའི་ནང་དོན་ནི་རྣལ་འབྱོར་བའི་མཛད་པ་ཁག་ལ་བརྟེན་ནས་བྱུང་བ་ ཞིག་ཡིན་པ་དང་ཆོས་ལུགས་གྲུབ་མཐའ་ཁག་སོ་སོའི་ངོ་བོ་དང་ཁྱད་ཆོས་ལ་གཞིགས་ཏེ་ སངས་རྒྱས་བྱང་སེམས་དང་ཞི་དྲག་མཁའ་འགྲོ་ཡིད་དམ་དངོས་སུ་བྱོན་པའི་ཚུལ་བསྟན་ ནས་མི་ཚོར་བསོད་ནམས་ཀྱི་བྱིན་རླབས་གནང་བ་ཞིག་ཡིན།
འཆམ་འཁྲབ་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com