འབའ་ཐང་རྫོང་གིས་སྤོ་ལོ་འགྲན་བསྡུར་སྤེལ་ནས་ལོ་གསར་རོལ།

རྩོམ་པ་པོ།:སྐལ་ཐུབ་དང་རུང་མེ། ཡོང་ཁུངས།:ཁམས་པའི་དྲ་བ། དུས་ཚོད།:2014-02-15 11:00:00 ཀློག་གྲངས།:
      ཟླ་བ1པའི་ཚེས3ཉིན་ནས་ཚེས7ཉིན་གྱི་བར། འབའ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་འབའ་ཐང་རྫོང་དྲིལ་བསྒྲགས་པུའུ་དང་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ལུས་རྩལ་ཅུས་ཀྱིས་སྒྲུབ་འགན་ཁུར་བའི་འབའ་ཐང་རྫོང་གི་སྐབས་བདུན་པའི་སྐྱེས་པའི་སྤོ་ལོ་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད། སྤོ་ལོ་འགྲན་ཚོགས་ཀྱི་ནང་དུ་རྫོང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་དང་ཁྲལ་དོན་ཅུས་སོགས་སྐྱེས་པའི་སྤོ་ལོ་རུ་ཁག6ཞུགས་ཤིང་རྒྱལ་ཕམ་འགྲན་སྡུར་གྱི་སྐར་གྲངས་ལ་བརྟེན་ནས་བྱ་དགའི་རིམ་པ6བགོས་པ་དང་། སྤོ་ལོ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་འབའ་གཞས་དང་འཁྲབ་གཞས་སོགས་ཀྱི་རིག་རྩལ་བྱེད་སྒོ་སྤེལ་བ་མ་ཚད། སྤོ་ལོ་རྒྱག་པའི་ངལ་གསོའི་བར་མཚམས་སུ་གླུ་དབྱངས་མཁས་ཅན་ཚོས་ཁེར་གླུ་བླངས་ནས་སྤོ་ལོ་རྒྱག་མཁན་ཚོ་ལ་བརྩོན་ངར་སློང་བ་དང་དུས་མཚུངས་སུ་ལྟད་མོ་བ3000ལ་ལོ་གསར་གྱི་དུས་སྟོན་བཟང་པོ་ཞིག་བསྟན་པ་རེད། ཤེས་རྟོགས་བྱུང་བར་ལྟར་ན་འབའ་ཐང་རྫོང་གིས་ལོ་གསར་གྱི་དུས་རིམ་དུ་ད་དུང་བོད་ཀྱི་ལྷ་མོ་ཟློས་གར་དང་ཁེ་རྩོད་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་དགའ་སྐྱིད་འཛོམས་པའི་ལོ་གསར་ཞིག་བཏང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།