མཚོ་ནུབ་ཁུལ་གྱི་པར་ལེན་མཐུན་ཚོགས་ཀྱི་ཚོགས་འདུ་བསྡུས།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་། བོང་སྟག་རི་ལ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-24 10:43:00 ཀློག་གྲངས།:


མཚོ་ནུབ་ཁུལ་གྱི་པར་ལེན་མཐུན་ཚོགས་ཀྱི་ཚོགས་འདུ་བསྡུས།

      ཉེ་ཆར། མཚོ་ནུབ་ཁུལ་གྱི་པར་ལེན་མཐུན་ཚོགས་ཀྱི་ལོ་ཚོགས་དེ་མཚོ་ནུབ་ཁུལ་གྱི་ཚྭ་འདམ་ཉིན་རེའི་ཚགས་པར་ཁང་དུ་འཚོགས་ཤིང་། ཐེངས་འདིའི་ཚོགས་འདུ་ལ་མཚོ་ནུབ་ཀྱི་ས་ཁུལ་སོ་སོའི་པར་ལེན་འཐུས་ཚབ་པ་དག་ཞུགས་ཡོད་པར་མ་ཟད། ཆེད་དུ་མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་།ས་གནས་གཞན་གྱི་པར་ལེན་སྒྱུ་རྩལ་བ་སྐོར་ཞིག་ཀྱང་གདན་ཞུ་བྱས་ཡོད།

      ཚོགས་འདུའི་སྟེང་། ཐོག་མར་འབྲེལ་ཡོད་འགོ་ཁྲིད་ཀྱི་གཏམ་བཤད་བརྒྱུད། 2013ལོའི་པར་ལེན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་མི་སྣ་སྐོར་ཞིག་ལ་བྱ་དགའི་ལེགས་སྐྱེས་ཕུལ་ཞིང་། གདན་ཞུ་བྱས་པའི་པར་ལེན་པ་རྒན་པ་རེ་གཉིས་ཀྱིས་སྔ་དྲོའི་ཆུ་ཚོད་གཉིས་ཀྱི་དུས་ཚོད་བེད་སྤྱད་ནས་རང་གི་ཉམས་མྱོང་དང་སྦྲགས་ཏེ་པར་ལེན་སྒྱུ་རྩལ་གྱི་ཕྱོགས་ནས་འཆད་ཁྲིད་གནང་།     
      ཉིན་དེའི་ཕྱི་དྲོ་པར་ལེན་སྒྱུ་རྩལ་བ་དག་གཏེར་ལེན་ཁ་དང་སྤྱི་ལེ་ལྔ་བཅུའི་ཆོད་པའི་མཚོ་ཏཱ་ལེན་སོགས་ལྗོངས་རྒྱུའི་གནས་སྐོར་དག་ཏུ་ཕྱིན་ནས་བརྙན་པར་གྱི་རྒྱུ་ཆ་མང་པོ་ཞིག་འཚོལ་སྡུད་བྱས་ལ། པར་ལེན་སྒྱུ་རྩལ་གྱི་མཐུན་ཚོགས་འདི་བརྒྱུད་ནས། མཚོ་ནུབ་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྟེ་གཙོད་སོགས་ས་ཆ་གཞན་དུ་མཐོང་དཀོན་པའི་རི་སྐྱེས་མང་པོ་ཞིག་དང་གནས་འདིའི་ཐུན་མོང་མ་ཡིན་པའི་མཛེས་སྡུག་གི་ཆ་མང་པོ་ཞིག་བརྙན་པར་གྱི་ལམ་ནས་རྒྱ་ཆེའི་བལྟ་མཁན་དག་གི་སྤྱན་ལམ་དུ་འབུལ་རྩིས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།