དཀར་མཛེས་ཁུལ་འབའ་ཐང་རྫོང་གིས་བོད་ལུགས་ལོ་སར་གྱི་རིག་རྩལ་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-01 09:22:00 ཀློག་གྲངས།:

      ཉེ་སྔོན། རྒྱུས་ལོན་བྱུང་བ་ལྟར་ན། འབའ་ཐང་བྱིས་གླུ་མཉམ་ལེན་རུ་ཁག་དང་རྫོང་དེའི་མི་དམངས་སློབ་ཆུང་སྒྱུ་རྩལ་ཚོགས་པ་གདན་འདྲེན་ཞུས་པ་བཞིན་ཁམས་པའི་བརྙན་འཕྲིན་ཁང་གི་བོད་ལུགས་ལོ་སར་དགོང་ཚོགས་ཕབ་བསྐྲུན་དུ་ཞུགས་ཤིང་། སྐབས་དེར་སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན།  ཀན་སུའུ་སོགས་ཞིང་ལྗོངས་ཀྱི་འཁྲབ་སྟོན་པ་རྣམས་ཀྱིས་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གཟིགས་མོ་བ་རྣམ་པར་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་ཕུལ་བ་རེད།
      ཐེངས་འདིའི་ལོ་སར་དགོང་ཚོགས་ཀྱི་ཕབ་བསྐྲུན་ལ་ཀྲུང་དབྱང་རྒྱལ་སྤྱིའི་ལེ་ཚན་གྱིས་གཟིགས་རྟོགས་བྱས་ཤིང་། གནམ་གང་གི་སྐབས་སུ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་རྒྱལ་སྤྱིའི་ལེ་ཚན་དང་ལྷ་སའི་བརྙན་འཕྲིན་ཁང་དུ་གཏོང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།