མཚོ་སྔོན་གྱི་ལས་ཁུངས་ཁག་གིས་ཤིང་ཕོ་རྟ་ལོའི་བོད་ལུགས་ལོ་སར་ཇ་སྟོན་སྤྲོ་ཚོགས་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-04 11:53:00 ཀློག་གྲངས།:


མཚོ་སྔོན་གྱི་ལས་ཁུངས་ཁག་གིས་ཤིང་ཕོ་རྟ་ལོའི་བོད་ལུགས་ལོ་སར་ཇ་སྟོན་སྤྲོ་ཚོགས་བསྡུས་པ།

མཚོ་སྔོན་གྱི་ལས་ཁུངས་ཁག་གིས་ཤིང་ཕོ་རྟ་ལོའི་བོད་ལུགས་ལོ་སར་ཇ་སྟོན་སྤྲོ་ཚོགས་བསྡུས་པ།

  ཟླ2པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཤིང་ཕོ་རྟ་ལོའི་བོད་ལུགས་ལོ་སར་ཇ་སྟོན་སྤྲོ་ཚོགས་བསྡུས་ནས། འབྲེལ་ཡོད་འགོ་ཁྲིད་དང་། ཟི་ལིང་ན་ལས་ཀ་གཉེར་བཞིན་པའི་བོད་རིགས་སྤུན་ཟླ། འབྲེལ་ཡོད་ཀྱི་ཆེད་མཁས། ཆོས་ལུགས་ཁྱབ་ཁོངས་ཀྱི་འཐུས་ཚབ་མི་སྣ་སོགས་སྤྲོ་ཚོགས་ལ་ཞུགས་ཏེ་མཉམ་དུ་བོད་ལུགས་ལོ་སར་ལ་རོལ།

青海省委统战部省民宗委举行茶话会共庆藏历木马新年
མཚོ་སྔོན་གྱི་ལས་ཁུངས་ཁག་གིས་ཤིང་ཕོ་རྟ་ལོའི་བོད་ལུགས་ལོ་སར་ཇ་སྟོན་སྤྲོ་ཚོགས་བསྡུས་པ།

  མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ལུས་ཀཱང་གིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག གསུང་བཤད་གནང་བ་སྟེ། ཁོང་གིས་བཤད་རྒྱུར་ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་དོན་འཁྱོལ་བྱས་ཐོག  སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འབྱོར་རིག་གསུམ་དང་སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་བཅས་ལ་སྐུལ་སྤེལ་བྱས་ནས་དཔལ་འབྱོར་གོང་སྤེལ་དང་སྐྱེ་ཁམས་ལེགས་པ། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན། དམངས་འཚོ་ལེགས་བཅོས། མི་དམངས་བདེ་སྐྱིད་བཅས་ཀྱི་རྣམ་པ་གསར་བ་ཞིག་བསྐྲུན་ཞིང་། གྲུབ་འབྲས་དེ་དག་ནི་རྒྱ་ཆེའི་བོད་རིགས་སྤུན་ཟླ་དང་བཅས་པའི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་འབད་བརྩོན་བྱས་པའི་སྨིན་འབྲས་ཡིན་ཞེས་བརྗོད་པ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།