བོད་ཀྱི་རིག་གནས་མཚམས་སྦྱོར་འགྲེམ་བྱང་དགའ་ལྡན་སུམ་རྩེན་གླིང་དུ་མངོན་པ།
བཟོ་བས་འགྲེམ་བྱང་སྒྲིག་བཞིན་པ།
ཟླ3པའི་ཚེས8ཉིན། ཡུན་ནན་སེམས་ཀྱི་ཉི་ཟླའི་དགའ་ལྡན་སུམ་རྩེན་གླིང་དུ་བོད་ཀྱི་རིག་གནས་ངོ་སྤྲོད་བྱེད་པའི་འགྲེམ་བྱང་ཁག་ཅིག་བསྒྲིགས་པ་རེད། རྒྱུས་ལོན་པ་ལྟར་ན་ཡུན་ནན་བདེ་ཆེན་ཁུལ་གྱིས་དགའ་ལྡན་སུམ་རྩེན་གླིང་དེ5Aཅན་གྱི་མཛེས་ལྗོངས་སུ་འཇོག་རྒྱུའི་རེ་བ་བཏོན་ནས་གནས་སྐོར་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པར་བཏང་ཞིང་། བོད་ཀྱི་རིག་གནས་ངོ་སྤྲོད་ཀྱི་འགྲེམ་བྱང་སོགས་བསྒྲིགས་པས། གནས་སྐོར་བ་རྣམས་ཀྱིས་བོད་ཀྱི་རིག་གནས་དང་སུམ་རྩེན་གླིང་གི་མཛེས་ལྗོངས་ཡོངས་སུ་རྒྱུས་ལོན་བྱེད་ཐུབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com