རེབ་གོང་གཉན་ཐོག་ཡུལ་ཚོའི་སྒོ་དམར་དགོན་དུ་སྨོན་ལམ་གྱི་དམངས་ཇ་ལྡུད་པ།
རེབ་གོང་གཉན་ཐོག་ཡུལ་ཚོའི་སྒོ་དམར་དགོན་དུ་སྨོན་ལམ་གྱི་དམངས་ཇ་ལྡུད་པ།
རྒྱ་ལོའི་སྨོན་ལམ་ཡས་མས་སུ། རེབ་གོང་གཉན་ཐོག་ཡུལ་ཚོའི་སྒོ་དམར་དགོན་དུ་སྨོན་ལམ་གྱི་དམངས་ཇ་ལྡུད་པའི་དམངས་སྲོལ་བྱ་འགུལ་སྤེལ་ཞིང་། སྡེ་དམངས་རྒན་དར་གཞོན་གསུམ་ཀུན་དམངས་ཇ་འཐུང་དུ་འགྲོ་བ་ཡིན། སྔ་དྲོར་འོ་ཇ་དང་གོ་དམར་དང་། ཕྱི་དྲོའི་ཆུ་ཚོད4:00ཡས་མས་སུ་གུང་ཚིགས་ལ་གྲོ་འབྲས་བཞེས་པ་ཡིན། འདི་ནི་ལོ་རེའི་རྒྱ་ལོ་སྨོན་ལམ་གྱི་དུས་སྐབས་སུ་སྤེལ་གྱི་ཡོད།
དེ་ཡང་གཉན་ཐོག་མཚོན་ན། ཉིན་གཅིག་ལ་གོས་སྐུ་བཤམས་པ་དང་ཕྱི་ཉིན་བྱམས་པ་གླིང་སྐོར་བྱེད་པ་ཡིན་ལ། སྡེ་བ་གཞན་དག་ཀྱང་ཅུང་ཆ་མཚུངས་ཀྱིས་དེ་འདྲའི་བྱེད་སྒོ་སྤེལ་སྲོལ་ཡོད།
གོ་དམར།
སྒོ་དམར་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གཉན་ཐོག་ཡུལ་ཚོའི་ཁུངས་སུ་གཏོགས་ཤིང་། ཐུན་རིན་རྫོང་མཁར་དང་སྤྱི་ལེ8ཙམ་ཡོད། སྡེ་བ་འདིའི་སྡེ་མི་མང་ཆེ་བ་ལྷ་རིས་སྒྱུ་རྩལ་ཐད་ལ་འཇོན་ཐང་ཆེན་པོ་ཡོད།
གོས་སྐུ་བཤམས་པ།
སྒོ་དམར་དགོན་ནི་སྡེ་བ་འདིར་ཆགས་ཤིང་འདུ་ཁང་དང་བྱམས་ཁང་ཆེན་མོ་སོགས་ཡོད་པ་དང་། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com