ཆབ་མདོ་ཚགས་པར་ཁང་གིས་རྩོམ་ཡིག་བསྡུ་བའི་བརྡ་ཐོ།
ཆབ་མདོ་བོད་ཡིག་ཚགས་པར་ནི་ཆབ་མདོ་ས་ཨུད་་ཀྱིས་གཙོ་སྒྲུབ་བྱས་པའི་ཏང་གི་ཚགས་པར་ཞིག་ཡིན། ཆབ་མདོ་བོད་ཡིག་ཚགས་པར་བོད་ཀྱི་ས་ཆ་སོ་སོར་དུས་ཐོག་ཏུ་ཚགས་པར་འགྲེམ་སྤེལ་བྱེད་བཞིན་ཡོད་པར་མ་ཟད། ཚགས་པར་འདི་གཟའ་འཁོར་རེར་ཐེངས་གཉིས་འདོན་སྤེལ་བྱེད་བཞིན་ཡོད་ཅིང་། ཚགས་པར་འདིར་པར་ངོས་བཞི་ཡོད་ལ་ཚགས་པར་སྒྲུབ་ཚུལ་ཐད་ནས་པར་ངོས་དང་པོ་དང་གཉིས་པའི་སྟེང་རང་ཁུལ་གྱི་གསར་འགྱུར་སྣ་ཚོགས་འགོད་པ་དང་། པར་ངོས་གསུམ་པའི་སྟེང་བོད་ཁུལ་གྱི་གསར་འགྱུར་གལ་ཆེན་དང་ཡང་ན་སྒྲུང་ཐུང་དང་དཔྱད་བརྗོད་ཐུང་ངུ་། ཤེས་བྱ་ཕྲན་ཚེགས་སོགས་འགོད་པ་དང་། པར་ངོས་བཞི་བ་ནི་ཟླ་ཆུ་སྔོན་མོ་ཞེས་པའི་རྩོམ་རིག་རྐྱང་བའི་པར་ངོས་ཤིག་ཡིན་པ་སྟེ། པར་ངོས་འདིའི་སྟེང་ཚིགས་བཅད་སྙན་ངག་དང་།རང་མོས་སྙན་ངག ལྷུག་རྩོམ་བཅས་ཀྱི་རྩོམ་ཡིག་འགོད་ཀྱིན་ཡོད་ལ། རྩོམ་ཡིག་བཀོད་ཟིན་པའི་རྩོམ་པ་པོར་ཟླ་རེའི་ཟླ་མཇུག་ཏུ་ཚགས་པར་གཅིག་གྱུར་གྱིས་སྦྲག་སྲིད་བརྒྱུད་ནས་བསྐུར་བཞིན་ཡོད་པར་མ་ཟད། འོས་འཚམ་གྱིས་རྩོམ་ཡོན་རེ་ཡང་བསྐུར་བ་ཡིན། དེ་བས་རྒྱ་ཆེ་བའི་རྩོམ་པ་པོས་རྩོམ་ཡིག་གི་རྒྱབ་སྐྱོར་རེ་གནང་བར་བཀའ་དྲིན་ཆེ་ཞུ་བ་ཡིན།
འབྲེལ་གཏུག་ཁ་པར་ཨང་གྲངས། 13322550073
རྩོམ་ཡིག་གཤམ་གྱི་ཡིག་ཟམ་འདི་བརྒྱུད་ནས་བསྐུར་ན་ཆོག huadajia2008@163.com
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com