མཚན་ཉིད་རིག་པ་བ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་སྐུ་གཤེགས་པ།
འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག
2014ལོའི་ཟླ3པའི་ཚེས30ཉིན་གྱི་སྔ་དྲོའི་ཆུ་ཚོད7:10སྟེང་། བོད་ཀྱི་གསར་བརྗེ་པ་ཆེན་མོ་དང་མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པ་བ་གྲགས་ཅན་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་པེ་ཅིང་དུ་སྐུ་གཤེགས། དགུང་ལོ94ཡིན་པ་རེད།
ཞར་བཀོད། འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གི་ངོ་སྤྲོད་མདོར་བསྡུས།
འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་ནི་སྤྱི་ལོ1921ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོངདུ་འཁྲུངས་ཤིང་། ཀྲུང་དབྱང་ཆབ་སྲིད་སློབ་གྲྭས་བཙུགས་པའི་སོག་བོད་སློབ་གྲྭ་ནས་མཐར་ཕྱིན་པ་དང་། སྔ་རྗེས་སུ་ཀྲུང་གུང་ཤར་བོད་མཐའ་མཚམས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཟིའི་འགོ་གཙོ་གཞོན་པ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་མི་རིགས་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ། སྐབས་དང་པོའི་རྒྱལ་ཡོངས་དམངས་འཐུས་ཀྱི་འཐུས་མི། སྐབས་ལྔ་བ་དང་བདུན་པའི་རྒྱལ་ཡོངས་དམངས་འཐུས་རྒྱུན་ཨུ་སོགས་ཀྱི་འགན་བཞེས་མྱོང་།
ཁོང་གི་ཡིག་འབྲུ་འབུམ་བརྒྱད་ལྷག་ཙམ་ཡོད་པའི་རྩོད་སྒྲུབ་རིག་པ་ལ་ཞིབ་འཇུག་བྱས་པའི་བསྟན་བཅོས་ཆེན་པོ《རྩོད་སྒྲུབ་རིག་པར་གསར་ཞིབ》ཅེས་པ་དེ་བྲིས་པ་རེད།པེ་ཅིན་གྱི་སྙན་གྲགས་ཅན་གྱི་མཚན་ཉིད་རིག་པ་བ་དང་རིགས་གཞུང་ཆེད་མཁས་དྲུག་ཅུ་ལྷག་གིས་བསྟན་བཅོས་འདི་ལ་གདེང་འཇོག་བླ་ན་མེད་པ་གནང་ཡོད།ཡང1994ལོར་ཁོང་གིས་བྲིས་པའི《ཟླ་བའི་གོ་ལའི་སྟེང་ན་གཤེར་གཟུགས་ཀྱི་ཆུ་ཡོད》ཅེས་པའི་དཔེ་དེབ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་རྗེས་རྒྱལ་ཁབ་ཕྱི་ནང་གི་མཚན་ཉིད་རིག་པ་བ་ཚོའི་ཁས་ལེན་དང་བསྟོད་བསྔགས་ཐོབ་པ་རེད།ཟླ་བའི་གོ་ལ་དང་བཅས་པའི་སྐར་མའི་གོ་ལ་རྣམས་ཀྱི་ཐོག་ཏུ་སླ་གཟུགས་རྩད་གཅོད་བྱེད་པའི་མཚན་ཉིད་རིག་པའི་ཚན་རིག་གི་བསྟན་བཅོས་འདི་ནི་རྩོམ་པ་པོས་རྩོད་སྒྲུབ་རིག་པར་གསར་ཞིབ་ཀྱི་ནང་ནས་ཕྱོགས་བསྡོམས་བྱས་པའི་རྩ་བའི་སྙིང་བཅུད་དང་།དེང་རབས་གནམ་དཔྱད་རིག་པའི་སྐར་གཟུགས་གནས་སྟངས་དང་འབྲེལ་བའི་པའི་དཔྱད་གཞི་གསར་ཤོས་རྣམས་ཟུང་འབྲེལ་བྱས་ཐོག་རྩོད་སྒྲུབ་རིག་པའི་སྒོ་ན་ས་དབྱེ་ཞིབ་དང།མཚན་ཉིད་རིག་པའི་སྒོ་ནས་སྒྲུབ་བྱེད་བཀོལ་ནས།ཟླ་བའི་གོ་ལ་དང་བཅས་པའི་སྐར་གཟུགས་ཡོད་ཚད་ཐམས་ཅད་ནི་ནང་དུ་སླ་གཟུགས་ཡོད་པར་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་ཞིག་གནང་ཡོད། 1997ལོར་ཁོང་གིས་གཙོ་སྒྲིག་མཛད་པའི《ཀྲུང་གོའི་མི་རིགས་ཁྲིམས་སྐྱོངས་རྩོམ་ཡིག་གཅེས་བསྡུས》ཞེས་པ་དཔར་སྐྲུན་མཛད། 2012ལོའི་ཟླ3པའི་ཚེས25ཉིན་ཁོང་གི་མཚན་ཉིད་རིག་པའི་བསྟན་བཅོས་ཆེན་མོ《ཟླ་བའི་གོ་ལའི་སྟེང་ན་གཤེར་གཟུགས་ཀྱི་ཆུ་ཡོད》ཅེས་པའི་ཉི་ཧོང་ཡིག་གི་པར་གཞི་དེ་པེ་ཅིང་དུ་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com