མཚོ་སྔོན་གྱི་བོད་ཡིག་གི་ལས་རིགས་ལག་རྩལ་གསལ་འབྱེད་ཀྱི་རྒྱལ་ཁབ་རྒྱུགས་མཛོད་ལ་ཞིབ་བཤེར་གཏན་འབེབས་བྱས་པ།
རྒྱུས་ལོན་བྱུང་བ་ལྟར་ན། ཟླ3པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་གྱིས་འགན་འཁུར་བཞིན་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལས་བོད་ཡིག་གི་རྒྱལ་ཁབ་ལས་རིགས་ལག་རྩལ་གསལ་འབྱེད་རྒྱུགས་མཛོད་འཛུགས་སྐྲུན་གྱི་ཞིབ་བཤེར་གཏན་འབེབས་ཚོགས་འདུའི་སྟེང་སྐབས་གསུམ་པ་དང་སྐབས་བཞི་བའི་བོད་ཡིག་གི་རྒྱལ་ཁབ་ལས་རིགས་ལག་རྩལ་གསལ་འབྱེད་རྒྱུགས་མཛོད་ཀྱི་ལོ་ཙཱ་རྩོམ་སྒྲིག་དང་ཐོག་མའི་ཞིབ་བཤེར་གཏན་འབེབས་བྱ་བ་ཡོངས་འགྲུབ་བྱས་པས། པུའུ་རིམ་པའི་ཞིབ་བཤེར་གཏན་འབེབས་ཀྱི་དུས་རིམ་དུ་སླེབས་པ་རེད།
བོད་ཡིག་རྒྱུགས་མཛོད་ཀྱི་འཛུགས་སྐྲུན་གྱིས་མི་རིགས་ཀྱི་དམངས་ཁྲོད་བཟོ་རྩལ་ཐོན་རྫས་བཟོ་བའི་ལས་ཀ་གཉེར་བཞིན་པའི་ལག་རྩལ་ངལ་རྩོལ་པས་རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་འཛིན་ཡིག་ལེན་པར་སྟབས་བདེ་བསྐྲུན་ཞིང་། ས་གནས་ཐོན་ལས་མགྱོགས་མྱུར་ངང་གོང་དུ་སྤེལ་བར་སྐུལ་འདེད་བྱས།
མིག་སྔར། ཚ་ལ་བྱེད་མཁན་དང་གཡོས་སྦྱོར་པ། འཕྲུལ་རྟ་ཞིག་གསོ་བྱེད་མཁན། རླངས་འཁོར་ཁ་ལོ་བ། རླངས་འཁོར་ཞིག་གསོ་བྱེད་མཁན། ཟ་ཁང་གི་ཞབས་ཞུ་བ་བཅས་ལས་རིགས་དྲུག་གི་རིག་གཞུང་རྒྱུགས་མཛོད་དང་། ཚ་ལ་བྱེད་མཁན་དང་རླངས་འཁོར་ཁ་ལོ་བ། འཕྲུལ་རྟ་ཞིག་གསོ་བྱེད་མཁན་བཅས་ལས་རིགས་གསུམ་གྱི་ལག་ལེན་གསལ་འབྱེད་རྒྱུགས་མཛོད་བསྐྲུན་ཚར་ལ། བསྡེབས་ཀྱིས་རྒྱུགས་ཤོག300ལོ་ཙཱ་བྱས་ཚར་ཡོད་པ་དང་། ལོ་ཙཱ་བྱས་པའི་ཐ་སྙད་འབུམ1ལས་བརྒལ། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ཉེར་མཁོ་དང་ལས་ཞུགས་ཀྱི་མི་གྲངས་ཅུང་མང་བའི་ལས་རིགས་འདུས་ཡོད་པས། ཞིང་ཆེན་ནང་ཁུལ་གྱི་གསལ་འབྱེད་ཀྱི་དགོས་མཁོ་ཕལ་ཆེར་བསྐངས་ཐུབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com