མཚོ་ལྷོ་ཁུལ་གྱིས་ཆབ་ཆ་གྲོང་རྡལ་གྱི་ཆུ་ལམ་གད་སྙིགས་གཙང་སེལ་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-09 10:10:00 ཀློག་གྲངས།:
     ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མི་ཤུགས་རྩ་འཛུགས་བྱས་ཏེ་ཆབ་ཆ་གྲོང་རྡལ་གྱི་ཆུ་ལམ་གད་སྙིགས་གཙང་སེལ་སྒོས་རྒྱ་ཆེའི་སྡོད་དམངས་ལ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་བརྩོན་པ་རེད།
     ད་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཆབ་ཆ་གྲོང་རྡལ་གྱི་ཆུ་ལམ་ལ་དོ་དམ་བྱེད་ཤུགས་སྔར་ལས་ཇེ་ཆེ་དང་། ཆུ་ལམ་གྱི་དག་གཙང་སྲུང་འཛིན་སྒོས་ཁོར་ཡུག་གི་སྤུས་ཚད་དང་རྣམ་པ་ཇེ་ལེགས་སུ་བཏང་ནས་དག་གཙང་ཅན་དང་སྒྲིག་སྲུང་ཅན་སོགས་སུ་གཏོང་བར་བརྩོན་ལ། དེ་དང་ཆབས་ཅིག་ཁུལ་ཆུ་བེད་ལས་ཁུངས་ཀྱིས་ཆེད་དུ་ཆུ་ལམ་གཙང་སེལ་བྱེད་པའི་ལས་བྱེད་པ10རྩ་འཛུགས་སྒོས་དུས་བཅད་ལྟར་ཆུ་ལམ་གྱི་གད་སྙིགས་གཙང་སེལ་བྱེད་པར་མ་ཟད། གཟའ་རེའི་གཟའ་པ་སངས་ཉིན་ཆུ་ལམ་གཙང་སེལ་དང་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ཆབ་ཆ་གྲོང་རྡལ་ཉེ་འཁོར་གྱི་ཆུ་ལམ་གྱི་གད་སྙིགས་གཙང་སེལ་བྱེད་པ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུན་ཕན་ལམ་ལུགས་བཙུགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།