གེ་སར་ཆེད་དོན་དྲ་བ་ཐོག་མ་སྟེ་རྨ་ཡུལ་གེ་སར་དྲ་བ་ཞེས་པ་དངོས་སུ་ཤར་གཏོང་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-09 10:48:00 ཀློག་གྲངས།:

全国首家《格萨尔》专题网站玛域格萨尔网正式开通
རྨ་ཡུལ་གེ་སར་དྲ་བའི་གཙོ་ངོས།

  ཟླ4པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཅུའུ་ཡིས་བསྐྲུན་པའི་རྨ་ཡུལ་གེ་སར་དྲ་བ་ཞེས་པ་དངོས་སུ་ཤར་གཏོང་བྱས། དེ་ནི་རྨ་ཡུལ་མགོ་ལོག་གི་རིག་གནས་གྲངས་མཛོད་ཀྱི་དྲ་རྒྱའི་འགྲེམ་སྟོན་སྟེགས་བུ་ཞིག་ཡིན་ལ། བྱེ་བྲག་ཏུ་ཕྱི་ཕྱོགས་སུ་གེ་སར་རིག་གནས་ཞིབ་འཇུག་གི་གནས་ཚུལ་གསར་བ་དུས་ཐོག་ཏུ་ཁྱབ་བསྒྲགས་དང་། གེ་སར་རིག་གནས་ཐོན་ཁུངས་གཅིག་བསྡུ་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན་པ་རེད། རྨ་ཡུལ་གེ་སར་དྲ་བ་ཤར་གཏོང་བྱས་པ་དེས་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་པའི་ཁར། གེ་སར་རིག་གནས་ལ་དགའ་བའི་དྲ་གྲོགས་རྣམས་དང་གེ་སར་རིག་གནས་ཞིབ་འཇུག་པ་རྣམས་ལ་ཆེད་ལས་རང་བཞིན་གྱི་གེ་སར་རིག་གནས་ཤེས་བྱ་ཕུན་སུམ་ཚོགས་པ་འདོན་སྤྲོད་ཐུབ་པ་རེད།
  རྨ་ཡུལ་གེ་སར་དྲ་བ་རུ་བོད་རྒྱ་དབྱིན་བཅས་པར་གཞི་གསུམ་དུ་ཕྱེས་ཤིང་། གཙོ་བོ་སྐབས་དོན་དང་། མི་སྣ། གནའ་ཤུལ། དཔྱད་འབྲས། སྒྲ་ལྡན། གཟུགས་ལྡན། པར་རིས། ཆེད་དོན་བཅས་ལེ་ཚན་བརྒྱད་དུ་འདུས་པ་རེད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།