བོད་ཡིག་དཔེ་དེབ་དེ་བོད་ལྗོངས་ཀྱི་དཔེ་དེབ་པར་བསྐྲུན་གྱི་བསྡུར་ཚད་ཁྲོད70%ཟིན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-12 09:31:00 ཀློག་གྲངས།:

  ཟླ4པའི་ཚེས10ཉིན། རྒྱུས་ལོན་བྱུང་བ་ལྟར་ན་ད་ལོར་བོད་ལྗོངས་ཀྱིས་བོད་སྐད་ཡིག་རིགས་ཀྱི་དཔེ་དེབ་དང་ཚགས་པར། དུས་དེབ་སོགས་ཀྱི་པར་བསྐྲུན་འགྲེམ་སྤེལ་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབས་ནས། བོད་ཡིག་དཔེ་དེབ་དེ་དཔེ་དེབ་པར་བསྐྲུན་སྤྱིའི་ཁྲོད་ཀྱི་བསྡུར་ཚད་ཁ་བསྣན་ནས70%ཟིན་རྒྱུ་རེད།
  མིག་སྔར་བོད་ལྗོངས་སུ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། བོད་ལྗོངས་དཔེ་རྙིང་དཔེ་བསྐྲུན་ཁང་། བོད་ལྗོངས་སྒྲ་བརྙན་དཔེ་སྐྲུན་ཁང་། གངས་ལྗོངས་སྒྲ་བརྙན་གློག་རྡུལ་དཔེ་སྐྲུན་ཁང་བཅས་ལས་ཁུངས4ཡོད་ཅིང་། ལོ་རེར་ཆ་སྙོམས་ཀྱིས་བོད་ཡིག་དཔེ་དེབ་རིགས་ས་ཡ3ལྷག་དང་། དེབ་ས་ཡ2ལྷག་པར་དུ་བསྐྲུན་ལ། ཁྱོན་བསྡོམས་བོད་ཡིག་ཚགས་པར་རིགས10དང་བོད་ཡིག་དུས་དེབ་རིགས14ཡོད་པ་རེད། 2013ལོར་བོད་ཡིག་ཚགས་པར་ཁྲི2803.09དང་། བོད་ཡིག་དུས་དེབ་ཁྲི40.42པར་དུ་བསྐྲུན་པ་དང་། དེ་ལས་འགྲེམ་སྤེལ་བྱས་པའི་བོད་ཡིག་ཚགས་པར་ཁྲི2801དང་བོད་ཡིག་དུས་དེབ་འབུམ4ཡོད་པ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།