ངོས་དང་པོ > སྐབས་དོན། > སྣ་ཚོགས། > ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་སྐབས་གསུམ་པའི་པར་ལེན་འགྲན་སྡུར་སྤེལ་བ།
ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་སྐབས་གསུམ་པའི་པར་ལེན་འགྲན་སྡུར་སྤེལ་བ།
རྩོམ་པ་པོ།:བོང་སྟག་རི་ལུ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-13 09:14:00
ཀློག་གྲངས།:
ཉེ་ཆར། ན་གོར་མོ་གྲོང་ཁྱེར་འཛུགས་སྐྲུན་བྱས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་སྐབས་དང་བསྟུན་ནས་ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་སྐབས་གསུམ་པའི་པར་ལེན་འགྲན་སྡུར་སྤེལ་བ་རེད།
ཐེངས་འདིའི་འགྲན་སྡུར་ལ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་སྟེ་པེ་ཅིན་དང་། ཐེན་ཅིན། ཞི་ཨན།ཅང་སུའུ་སོགས་ཀྱི་པར་ལེན་སྒྱུ་རྩལ་བ་མང་པོ་ཞིག་གདན་ཞུ་བྱས་ཏེ། པར་ལེན་སྒྱུ་རྩལ་པ་དག་སྔ་ཕྱིར་དུ་འབྲི་ཆུའི་འགོ་ཁུངས་དང་། རྡང་ལ་རི་བོ། སྐུ་ལྷ་མདའ་མདུང་སོགས་སུ་ཕྱིན་ནས་གནས་དེ་ཡི་རི་ཆུའི་མཛེས་ལྗོངས་པར་བླངས་པར་མ་ཟད། གནས་དེ་ན་ཡོད་པའི་རང་བྱུང་ལྷུན་ཆགས་ཀྱི་རི་བོ་དང་། ཁོད་ཡངས་པའི་རྩྭ་ཐང་། ད་དུང་བག་ཡངས་སུ་རྒྱུ་བའི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་གིས་པར་ལེན་སྒྱུ་རྩལ་པ་དག་གི་ཡིད་དབང་ཅིག་ཅར་དུ་འཕྲོག་པ་དང་། ཁོ་ཚོ་ལ་མཚོན་ན་ཐེངས་འདིའི་པར་ལེན་སྒྱུ་རྩལ་འགྲན་སྡུར་གྱི་གོ་སྐབས་འདི་དང་བསྟུན་ནས་ས་གནས་དེ་དག་ལ་ཕྱིན་པ་དེས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཐོབ་འདུག
ཚྭ་མཚོའི་གྲོང་ཁྱེར་དུ་འབོད་པའི་ན་གོར་མོར་མཚོན་ན། 2007ལོར་ན་གོར་མོ་གྲོང་ཁྱེར་གྱི་པར་ལེན་འགྲན་སྡུར་བྱ་འགུལ་ཐེངས་དང་པོ་སྤེལ་བ་ནས། སྔ་ཕྱིར་ཐེངས་གསུམ་ལ་སྤེལ་བ་དང་། རྗེས་ཕྱོགས་ཡང་རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ་པར་ལེན་འགྲན་སྡུར་གྱི་བྱ་འགུལ་མུ་མཐུད་དུ་སྤེལ་རྩིས་ཡོད་ལ། པར་ལེན་འགྲན་སྡུར་གྱི་བྱ་འགུལ་འདི་བརྒྱུད་ནས་ན་གོར་མོའི་ཕུན་སུམ་ཚོགས་པའི་རིག་གནས་དང་འབྱོར་ཕྱུག་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པ་དང་། འདི་ལྟ་བུའི་རིག་གནས་ཀྱི་བྱ་འགུལ་མང་པོ་མུ་མཐུད་དུ་སྤེལ་བའི་འཆར་གཞི་ཡོད་དོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།