སྙིང་འབུམ་གྱི་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་དེ་རྒྱལ་ཁབ་རིག་དངོས་བཤམས་སྟོན་ཁང་དུ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-17 09:44:00 ཀློག་གྲངས།:


སྙིང་འབུམ་གྱི་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་དེ་རྒྱལ་ཁབ་རིག་དངོས་བཤམས་སྟོན་ཁང་དུ་སྤེལ།

     ཟླ4བའི་ཚེས16ཉིན། རེབ་གོང་ཐང་གའི་སྒྱུ་རྩལ་པ་སྙིང་འབུམ་གྱི་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་དེ་ཀྲུང་གོའི་རྒྱལ་ཁབ་རིག་དངོས་བཤམས་སྟོན་ཁང་དུ་སྤེལ་ཞིང་།  ཐེངས་འདིའི་འགྲེམ་སྟོན་དུ་བསྡོམས་པས་ཐང་གའི་བརྩམས་ཆོས65དང་། དེ་མིན་ཐང་ག་འབྲི་བཞེངས་ཀྱི་གཏེར་དངོས་རྒྱུ་རྫས་དང་ལག་ཆ་སོགས་ཀྱང་བཀྲམ། སྙིང་འབུམ་གྱི་དགེ་ཕྲུག་དག་གིས་ཡུལ་དངོས་སུ་གཟིགས་མོ་བ་རྣམས་ལ་ཐང་ག་འབྲི་བཞེངས་ཀྱི་ནུས་རྩལ་ངོམ་པ་རེད།


སྙིང་འབུམ་གྱིས་རེབ་གོང་ཐང་གའི་སྲོལ་རྒྱུན་རྣམ་པ་གཞིར་བྱས་ཏེ་གསར་སྐྲུན་ལ་གཞོལ་བ།

     སྙིང་འབུམ་ནི་ལག་ཤེས་སྒྱུ་རྩལ་པ་ཤ་བོ་ཚེ་རིང་གི་དགེ་ཕྲུག་ཅིག་ཡིན་ཞིང་། ཐང་ག་འབྲི་བཞེངས་ཀྱི་སྒྱུ་རྩལ་ལ་བྱང་ཆ་ཐོན་རྗེས་ལྷ་སའི་གཙུག་ལག་ཁང་དང་། གཙང་བཀྲ་ཤིས་ལྷུན་པོ་སོགས་སུ་ལྡེབས་རིས་དང་ཐང་ག་འབྲི་བཞེངས་གནང་བ་ཡིན།

སྙིང་འབུམ་གྱི་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་དེ་རྒྱལ་ཁབ་རིག་དངོས་བཤམས་སྟོན་ཁང་དུ་སྤེལ།
དགེ་ཕྲུག་གིས་འགྲེམ་སྟོན་ཡུལ་དངོས་སུ་ཐང་ག་འབྲི་བཞེངས་བྱེད་པ།

     རྒྱུས་ལོན་པ་ལྟར་ན། ཐང་གའི་འགྲེམ་སྟོན་འདི་ཟླ5བའི་ཚེས13བར་རྒྱུན་བསྲིང་རྒྱུ་ཡིན་པ་རེད།


ཐང་ག་འབྲི་བཞེངས་ཀྱི་གཏེར་དངོས་རྫས་སྦྱོར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།