མཚོ་སྔོན་པོའི་མཛེས་ལྗོངས་དེ་ཀྲུང་གོའི་རིག་གནས་གནས་སྐོར་གྱི་མཛེས་ལྗོངས་གྲགས་ཅན་དུ་བདམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-22 09:37:00 ཀློག་གྲངས།:

  ཟླ4པའི་ཚེས12ཉིན། ཀྲུང་གོའི་རིག་གནས་གནས་སྐོར་མཚོན་རྟགས་འཛུགས་སྐྲུན་དང་གོང་སྤེལ་གྱི་མཐོ་རིམ་གྲོས་ཚོགས་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ཀྲུང་གོའི་རིག་གནས་གནས་སྐོར་གྱི་མཚོན་རྟགས་གྲགས་ཅན་ཞེས་པའི་ཁྱབ་སྒྲོག་ཚོགས་འདུ་པེ་ཅིང་དུ་བསྡུས་ཤིང་། མཚོ་སྔོན་པོའི་མཛེས་ལྗོངས་དེ་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ཀྲུང་གོའི་རིག་གནས་གནས་སྐོར་མཛེས་ལྗོངས་གྲགས་ཅན་གྱི་མིང་ཐོ་རུ་བདམས་པ་རེད།
  མཐོ་རིམ་གྲོས་ཚོགས་ཀྱི་ཡུལ་དངོས་སུ་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ཀྲུང་གོའི་རིག་གནས་གནས་སྐོར་གྱི་མཚོན་རྟགས་གྲགས་ཞེས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ལ། མིང་ཐོའི་ཁྲོད་གྲོང་ཁྱེར་གྲགས་ཅན་དང་། རྫོང་གྲགས་ཅན། གྲོང་རྡལ་གྲགས་ཅན། མཛེས་ལྗོངས་གྲགས་ཅན། མི་སྣ་གྲགས་ཅན། འབོད་ཚིག་བཅས་རིགས་དྲུག་ཏུ་བཀར་ཡོད་པ་རེད།

 

 


 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།