ཨ་ཁྱུང་ལ་རྒྱལ་ཡོངས་ཆོས་ལུགས་སྐུ་བཟོའི་ནུས་རྩལ་འགྲན་བསྡུར་གྱི་དམིགས་བསལ་བྱ་དགའ་ཐོབ།
ཉེ་ལམ། རྒྱལ་ཡོངས་ཆོས་ལུགས་སྐུ་བཟོའི་ནུས་རྩལ་འགྲན་བསྡུར་སྐབས་དང་པོ་དེ་མཇུག་སྒྲིལ་ཞིང་། བོད་རིགས་ཀྱི་མིང་དུ་གྲགས་པའི་ལག་བཟོའི་མཛེས་རྩལ་ཆེན་མོ་ཨ་ཁྱུང་གི་འབག་བཟོས་བརྩམས་ཆོས་ཤཱཀྱ་མུ་ནེའི་སྐུ་ལ་དམིགས་བསལ་བྱ་དགའ་ཐོབ།
ཐེངས་འདིའི་འགྲན་ཞུགས་པ་རྣམས་ནི་རྒྱལ་ཡོངས་ས་ཆ་སོ་སོ་ནས་ཡོང་བའི་འབག་བཟོའི་སྒྱུ་རྩལ་པ་ཆེན་མོ་དག་ཡིན་ཞིང་། ཨ་ཁྱུང་ནི་དེའི་གྲས་ཀྱི་བོད་རིགས་འགྲན་ཞུགས་པ་གཅིག་པུ་ཡིན་ལ། ཁོང་གི་འབག་སྐུ་བརྩམས་ཆོས་ལ་རྒྱལ་ཁབ་རིམ་པའི་ལག་བཟོ་མཛེས་རྩལ་པ་ཆེན་མོ་དང་ལས་རིགས་ནང་ཁུལ་གྱི་ཆེད་མཁས་པའི་ཁས་ལེན་དང་གདེང་འཇོག་ཆེན་པོ་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com