མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བོད་སྐད་གནམ་གཤིས་ཞབས་ཞུའི་སྐད་འཕྲིན་སྟེགས་བུ་བསྐྲུན་པ།

རྩོམ་པ་པོ།:བན་དེ་སྐྱབས། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2014-04-27 08:55:00 ཀློག་གྲངས།:

  མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ཞབས་ཞུའི་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། བོད་དམངས་ཀྱིས་གནམ་གཤིས་སྔོན་བརྡར་དུས་ལྟར་རྒྱུས་ལོན་བྱེད་པར་ཕན་བདེ་བསྐྲུན་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཅུའུ་ཡིས་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བོད་སྐད་གནམ་གཤིས་ཞུབས་ཞུའི་སྐད་སྟེགས་བུ་བསྐྲུན་པ་རེད།
  བོད་སྐད་གནམ་གཤིས་སྐད་འཕྲིན་གྱི་ཞབས་ཞུའི་ལས་རིམ་ཁྲོད་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མ་འོངས་པའི་ཉིན་གསུམ་རིང་གི་གནམ་གཤིས་ཀྱི་གནས་བབ་དང་། རྩྭ་ས་དང་ནགས་ཚལ་ལ་མེ་དགྲ་འབྱུང་བའི་ཚད་གཞིའི་སྔོན་བརྡ་གཏོང་བ། ཉེན་བརྡའི་ཆ་འཕྲིན་སྤེལ་བ། ཆེད་མཁས་པས་གནམ་གཤིས་ཀྱི་ཚན་རིག་ཤེས་བྱ་ལ་འགྲེལ་རྒྱག་པ། རང་བྱུང་གི་གནོད་འཚེ་སྔོན་འགོག་སོགས་ཀྱི་ཆ་འཕྲིན་འདུས། ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་བར་དུ། མི་ཆིག་སྟོང་བདུན་བརྒྱ་སོ་གཅིག་གིས་སྐད་འཕྲིན་དེ་སྤྱད་པར་མ་ཟད། བཀོལ་མཁན་ད་དུང་ཇེ་མང་ལ་འགྲོ་བཞིན་ཡོད། སྐད་འཕྲིན་སྟེགས་བུ་བསྐྲུན་པ་དེས་གནམ་གཤིས་གནས་ཚུལ་དུས་ལྟར་འཛད་སྤྱོད་མཁན་ལ་བསྒྲགས་ཐུབ་པ་དང་། འཛད་སྤྱོད་པས་དུས་ལྟར་གནམ་གཤིས་ཆེད་མཁས་པར་འབྲེལ་འདྲིས་བྱས་ཆོག་པས། འཁོར་སྐར་སྟེགས་བུ་བསྐྲུན་ནས་ཟླ་ངོ་གཅིག་གི་ཡུན་ལ་འཛད་སྤྱོད་པ་རྣམས་ཀྱི་གདེང་འཇོག་ཡག་པོ་ཐོབ། མིག་སྔར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་སྲིད་གཞུང་གཉིས་ཀྱིས་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཅུའུ་དང་འབྲེལ་འདྲིས་བྱས་ཏེ། གནམ་གཤིས་ཞབས་ཞུ་བྱེད་སྟངས་གསར་བ་འདི་ཉིད་རང་ས་གནས་ནས་རྒྱ་ཆེར་སྤེལ་གྱིན་ཡོད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།