བོད་ལྗོངས་ཀྱིས་ཐང་གའི་པར་དབང་ཐོ་འགོད་ཐད་འཚོལ་ཞིབ་བྱེད་འཆར་ཡོད་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-30 10:25:00
ཀློག་གྲངས།:
བོད་རང་སྐྱོང་ལྗོངས་ཀྱིས་ད་ལོར་པར་དབང་ཐོ་འགོད་བྱ་བའི་མགོ་རྩོམ་རྒྱུ་ཡིན་པ་མ་ཟད། ཁྱད་དུ་འཕགས་པའི་བོད་ཀྱི་ཐང་གའི་པར་དབང་ཐོ་འགོད་ཐད་འཚོལ་ཞིབ་བྱ་རྒྱུ་རེད།
ཟླ4བའི་ཚེས25ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་གསར་འགྱུར་པར་སྐྲུན་ཅུའི་འགོ་གཙོ་ཞུ་ཝུན་ཐུན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་པའི་པར་དབང་སྲུང་སྐྱོབ་དང་དོ་དམ་བྱ་བའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ལས་གསལ་དོན། ཞུ་ཝུན་ཐུན་གྱིས་ཕྱོགས་ཡོངས་ནས་པར་དབང་སྲུང་སྐྱོབ་ཆེད་དོན་ལག་ལེན་སྤེལ་རྒྱུ་དང་། ལས་ཁུངས་ཀྱི་མཉེན་ཆས་པར་དབང་ཡང་དག་ཅན་དུ་སྐུལ་འདེད། རང་འགུལ་སྒོས་པར་དབང་ཁྲིམས་ལུགས་ཁྱབ་སྤེལ་དྲིལ་སྒྲོག་བྱེད་པ་དང་། པར་དབང་ཁྲིམས་བསྟར་སྐུལ་འདེད་སོགས་ཕྱོགས4ནས་བོད་ལྗོངས་ཀྱི་པར་དབང་སྲུང་སྐྱོབ་དང་དོ་དམ་གྱི་བྱ་བ་མཚམས་སྦྱོར་གནང་།
ཁོས་མཚམས་སྦྱོར་གནང་དོན། རྒྱལ་ཡོངས་ས་ཁུལ་སོ་སོ་ན་ཕྱོགས་ཡོངས་ནས་བསྟར་ཟིན་པའི་པར་དབང་ཐོ་འགོད་བྱ་བ་དེ་ད་ལོར་བོད་ལྗོངས་སུའང་སྤེལ་རྒྱུ་ཡིན་ཞིང་། མིག་སྔར་བོད་ལྗོངས་ཀྱིས་པར་དབང་ཐོ་འགོད་མ་ལག་འཐུས་ཚང་དུ་བཙུགས་ཤིང་། རྩོམ་རིག་དང་སྒྱུ་རྩལ་བརྩམས་ཆོས། པར་རིས་བརྩམས་ཆོས་སོགས་ལ་ཐོག་མར་པར་དབང་ཐོ་འགོད་བྱེད་རྒྱུ་ཡིན་ལ། ལྷག་ཏུ་དོ་སྣང་ཆེན་པོ་བྱེད་པའི་བོད་ཀྱི་ཐང་ག་ཇི་ལྟར་ཐོ་འགོད་སྲུང་སྐྱོབ་བྱེད་པའི་ཐད་ལ། བོད་ལྗོངས་པར་དབང་ཅུས་ཚན་ཞིབ་རྩ་འཛུགས་གནང་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་པར་དབང་ཅུའུ་ནས་བསམ་འཆར་སྡུད་ལེན་བྱས་པ་དང་ཆབས་ཅིག པེ་ཅིང་དང་ཧྲང་ཧེ་སོགས་ཀྱི་པར་དབང་ཅུའུ་ནས་ཉམས་མྱོང་བླངས་ཏེ་སློབ་སྦྱོང་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།