མཚོ་སྔོན་པོ་རྒྱ་ཡིག་དང་བོད་ཡིག་དྲ་བའི་པར་གཞི་ལེགས་བཅོས་བྱས་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-30 11:14:00
ཀློག་གྲངས།:
ཉེ་ལམ། མཚོ་སྔོན་པོ་དྲ་བའི་རྒྱ་ཡིག་དང་བོད་ཡིག་དྲ་བའི་པར་གཞི་ལེགས་བཅོས་བྱ་བ་སྔ་གཞུག་ཏུ་ལེགས་འགྲུབ་བྱུང་ཞིང་། ལེ་ཚན་གསར་བ་ཁ་སྣོན་བྱས་ཏེ་དྲ་བའི་ནང་དོན་ཐད་ལེགས་བཅོས་གནང་བའི་ཁར། དྲ་བའི་ཁྱད་འཕགས་ནུས་པ་དང་སྤྱོད་སྒོ་སྔར་ལས་མཐོར་འདེགས་བྱུང་བ་དང་། རྒྱ་ཆེ་བའི་དྲ་གྲོགས་རྣམས་ཀྱི་དྲ་འཇུག་དགོས་མཁོ་བསྐངས།
མཚོ་སྔོན་པོ་བོད་ཡིག་དྲ་བར་རྒྱལ་སྤྱི་དང་སྒྱུ་རྩལ་གཉིས་ཀྱི་ལེ་ཚན་ཁ་སྣོན་བྱས་ལ། དེ་ལས་རྒྱལ་སྤྱིའི་ལེ་ཚན་དུ་གསར་འགྱུར་ཀུན་གླེང་དང་། རིག་གནས་འདུ་ཚོགས། རྒྱལ་ཕྱིའི་བོད་རིག་པ། རྒྱལ་ཁམས་འགྲིམ་པ་བཅས་ལེ་ཚན་ཆུང་བ་བཞི་བསྣན་ཏེ་གཙོ་ཆེར་བོད་ཁུལ་གྱི་དྲ་གྲོགས་རྣམས་ལ་དུས་ལྟར་རྒྱལ་སྤྱིའི་རིག་གནས་སྐོར་གྱི་གསར་འགྱུར་དང་། སྒོས་སུ་རྒྱལ་ཕྱིའི་བོད་རིག་པའི་ཞིབ་འཇུག་གྲུབ་འབྲས་སོགས་སྤེལ་རྒྱུ་དེ་ཡིན། སྒྱུ་རྩལ་གྱི་ལེ་ཚན་དུ་བརྙན་གཟུགས་ཟློས་གར་དང་། སྙན་དབྱངས་འགྱུར་ཁུག མཛེས་རྩལ། བརྐོས་རིས་བཅས་བསྣན་ཏེ་བོད་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཐང་ག་དང་། ལྡེབས་རིས། རྡོ་བརྐོས། འཇིམ་བཟོ། དམངས་གླུ། བོད་ཀྱི་ཟློས་གར། གློག་བརྙན་སོགས་དུས་ལྟར་སྤེལ་ནས་ཕུལ་དུ་བྱུང་བའི་མི་རིགས་ཀྱི་དམངས་སྲོལ་རིག་གནས་སྔར་ལས་རྒྱུན་འཛིན་དང་དར་སྤེལ་བྱེད་ཅིང་། གསར་དུ་འབུས་པའི་སྒྱུ་རྩལ་མགྱོགས་མྱུར་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱེད་པ་དེ་ཡིན།
མཚོ་སྔོན་པོ་རྒྱ་ཡིག་དྲ་བར་བོད་ཀྱི་གསོ་རིག་དང་། གེ་སར། བོད་སྐད་ཡིག་བཅས་ལེ་ཚན་ཆེ་བ་བཞི་ཁ་སྣོན་བྱས་ལ། དེ་ལས་བོད་ཀྱི་གསོ་རིག་ལེ་ཚན་དུ་སྐབས་དོན་དང་། ཆེད་དོན། བོད་ཀྱི་གསོ་རིག བོད་སྨན། མི་སྣ། བོད་སྨན་ཁང་། ལུས་ཁམས་བདེ་སྲུང་བཅས་ལེ་ཚན་ཆུང་བ7བསྣན་ལ། གེ་སར་ལེ་ཚན་དུ་སྐབས་དོན་དང་ཆེད་དོན། གེ་སར་ཞིབ་འཇུག སྒྲུང་བ། ཆེད་མཁས་པ། དཔེ་མཛོད་བརྙན་དབྱངས་བཅས་ལེ་ཚན་ཆུང་བ6བསྣན་པ་དང་། བོད་སྐད་ཡིག་ལེ་ཚན་དུ་སྐབས་དོན་དང་ཆེད་དོན། བོད་སྐད་ཡིག་སློབ་གསོ། བོད་ཡིག་ཆ་འཕྲིན་ཅན། བོད་སྐད་ཡིག་བྱ་བའི་ལས་ཁུངས་བཅས་ལེ་ཚན་ཆུང་བ5ཁ་སྣོན་བྱས།
དེར་མ་ཟད། མཚོ་སྔོན་པོ་རྒྱ་ཡིག་དྲ་བའི་སྐབས་དོན་དང་། མི་སྣ། ཆོས་ལུགས། ལོ་རྒྱུས། གནས་སྐོར། སྐྱེ་ཁམས་སོགས་ལེ་ཚན་དང་། མཚོ་སྔོན་པོ་བོད་ཡིག་དྲ་བའི་སློབ་གསོ་དང་། ཆོས་ལུགས། རྩེད་འཇོ་བཅས་ལེ་ཚན་ལའང་ལེགས་བཅོས་ཅུང་ཙམ་མཛད་ཡོད།
མཚོ་སྔོན་པོ་དྲ་བ་འདི2007ལོའི་ཟླ11པའི་ཚེས28ཉིན་དྲ་བ་དངོས་སུ་ཤར་གཏོང་བྱས་པ་ནས་བཟུང་། སྤྱི་ཚོགས་ལས་རིགས་སོ་སོའི་རོགས་འདེགས་ཆེན་པོའི་འོག་མགྱོགས་མྱུར་ངང་འཚར་ལོང་བྱུང་ཞིང་། འཛུགས་སྐྲུན་འཁོར་བསྐྱོད་ཀྱི་གོ་རིམ་ཁྲོད་ཕྱོགས་སོ་སོའི་བསམ་འཆར་སྡུད་ལེན་བྱས་ཏེ་དྲ་བ་འདི་སྔར་ལས་ལྷག་པར་ལེགས་བཅོས་བྱས་པ་དང་། ཐུན་མོང་མ་ཡིན་པའི་པར་ངོས་དང་། ནང་དོན་ཕུན་སུམ་ཚོགས་པའི་གསར་འགྱུར་དུས་ལྟར་སྤེལ་ཏེ་རིགས་མཐུན་གྱི་དྲ་རྒྱའི་ཁྲོད་འབུར་དུ་ཐོན་ཞིང་། སྤྱི་ཚོགས་ལས་རིགས་སོ་སོས་དོ་སྣང་དང་གདེང་འཇོག་ལེགས་པོ་བྱེད་ལ། རྒྱ་ཆེ་བའི་དྲ་གྲོགས་ཁྲོད་ཤུགས་རྐྱེན་ཟབ་མོ་བཞག

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།