མངའ་རིས་ན་ཕུག་མཚོའི་ས་ཁོངས་ནས་བྲག་བརྐོས་རི་མོ་འབོར་ཆེན་རྙེད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བོད་ལྗོངས་འཕྲིན་དྲ།
དུས་ཚོད།:2014-05-02 09:20:00
ཀློག་གྲངས།:
ཉེ་ལམ་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཟོའོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ2013ལོའི་ཟླ7པར་ཧྲན་ཤིའི་ཞིང་ཆེན་རིག་དངོས་ཅུས་ཀྱི་སྤྱི་ལོ 2013ལོའི་བོད་སྐྱོར་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ཧྲན་ཤིའི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཟོའོ་དང་མཉམ་འབྲེལ་ཐོག་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་དུ་གནས་པའི་ན་ཕུག་མཚོའི་ས་ཁོངས་སུ་ཁྱོན་ཡོངས་ནས་གནའ་རྫས་རྟོག་ཞིབ་ཐེངས་དང་པོ་བྱས་པ་རེད། ཐེངས་འདིའི་བརྟག་དཔྱད་ནང་ཁྱོན་བྲག་བརྐོས་རི་མོ་ཁག618རྙེད་པ་དང་དེའི་ནང་གི་ཁག529ནི་གསར་དུ་རྙེད་པ་ཞིག་ཡིན། དེང་སྐབས་མངའ་རིས་ན་ཕུག་མཚོའི་བྲག་བརྐོས་རི་མོའི་བརྟག་དཔྱད་དེ་སྤྱི་ལོ2013ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་གསར་རྙེད་ཆེ་གྲས་བཅུའི་མཐའ་མའི་དཔྱད་འདེམས་ནང་ཚུད་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཟོའོ་ཡི་ཞིབ་འཇུག་པ་ཁྲེན་ཙུའུ་ཅུན་གྱིས། མངའ་རིས་ན་ཕུག་མཚོའི་བྲག་བརྐོས་རི་མོའི་གྲངས་འབོར་ནི་དེང་སྐབས་ཚན་རིག་བརྟག་དཔྱད་ཀྱི་ཟིན་ཐོ་བརྒྱུད། ཤེས་རྟོགས་ཐུབ་པའི་བོད་ཀྱི་ས་ཁོངས་ནང་གི་བྲག་བརྐོས་རི་མོའི་གྲངས་འབོར་མང་ཤོས་ཀྱི་ས་ཆ་ཞིག་ཡིན། བྲག་བརྐོས་རི་མོའི་བརྗོད་བྱའི་ནང་འབྲི་གཡག་དང་ཤྭ་བ། རྟ། ཁྱི། འདབ་ཆགས། ཉ་སོགས་ཚུད་ཡོད་པ་དང༌། ནང་དོན་གི་བརྗོད་བྱ་དང་བཟོ་སྐྲུན་ལག་རྩལ། མཚོན་བྱེད་རྣམ་པ། ཉམས་འགྱུར་ཁྱད་ཆོས་བཅས་ཀྱི་ཐོག་ནས་བལྟས་ན་རྒྱུན་མཐུད་དུས་ཚོད་ཅུང་རིང་བ་དང༌། ཐོག་མའི་སྔོན་དཔག་བྱས་ན་གཙོ་བོ་ལི་ཆས་སྤྱོད་པའི་དུས་རབས་ནས་ཐོག་མའི་ལྕགས་ཆས་སྤྱོད་པའི་དུས་རབས་བར་གཅིག་བསྡུས་བྱས་ཡོད་ཅེས་གསུངས་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།