མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་དམངས་ཁྲོད་རིག་གནས་སྒྲོག་སྤེལ་ནུས་པ་མཐོར་འདེགས་སུ་བཏང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-07 11:38:00 ཀློག་གྲངས།:


མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་ལས་སྒྲུབ་མི་སྣ་གྲོང་སྡེ་རུ་བསྐྱོད་དེ་དམངས་གླུ་འཚོལ་སྡུད་བྱས།

      ད་ལོ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་རང་གི་ལས་གནས་ནས་རྐང་བཙུགས་ཤིང་གསར་གཏོད་ཀྱི་བྱ་བའི་ལམ་ཕྱོགས་གཞིར་བཟུང་སྟེ་རང་འགུལ་གྱིས་དམངས་ཁྲོད་རིག་གནས་སྔོག་འདོན་དང་སྲུང་སྐྱོབ་ཐད་བྱས་རྗེས་འཇོག་གིན་ཡོད་ཅིང་། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་དང་བསྡོངས་ཏེ་ཡུལ་དངོས་གཟིགས་ཞིབ་སྒོས་དམངས་ཁྲོད་སྒྱུ་རྩལ་པ(ངག་ཐོག་རྩོམ་རིག)ཧ་ལམ་སྐར་མ600ཡི་སྒྲ་ཕབ་རྒྱུ་ཆ་དང་། པར་རིས་རྒྱུ་ཆ110སོགས་དམངས་ཁྲོད་རིག་གནས་ཀྱི་རྒྱུ་ཆ་མང་པོ་འཚོལ་སྡུད་བྱས་པ་མ་ཟད། རིག་རྩལ་གྱི་རྣམ་གྲངས2དང་གནས་ཁམས་ཆེན་གྱི་རྣམ་གྲངས1བཅས་ལེགས་འདེམ་བྱས་ཏེ་མི་རྣམས་ལ་མཚོ་ལྷོ་ཁུལ་གྱི་མི་ཆོས་རིག་གནས་དྲིལ་སྒྲོག་བྱེད་པའི་མིང་བྱང་དུ་བྱེད་པ་རེད།

མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་དམངས་ཁྲོད་རིག་གནས་སྒྲོག་སྤེལ་ནུས་པ་མཐོར་འདེགས་སུ་བཏང་བ།
ཁྲི་ཀ་ས་ཁུལ་དུ་རྩེད་རིག་གཙོས་པའི་གླུ་གར་གྱི་ཆེད་དོན་བརྙན་གཟུགས་ཕབ་པ།

      ཟླ4བའི་ཚེས22ནས་ཚེས30བར། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་ཆེད་དུ་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་སྐད་བརྙན་འཕྲིན《རྨ་འབྲིའི་རླབས་ཕྲེང》ཞེས་པའི་ལེ་ཚན་ཕབ་སྐྲུན་ཚན་ཆུང་གདན་འདྲེན་ཞུས་ཏེ་མཚོ་ལྷོ་ཁུལ་གསེར་ཆེན་ས་ཁུལ་དུ་བོད་ཀྱི་སྲོལ་རྒྱུན་དམངས་གླུ་མཚམས་སྦྱོར་གཙོ་བོར་གནང་བའི་ཆེད་དོན་བརྙན་གཟུགས《གནའ་བོའི་འགྱུར་ཁུགས》ཞེས་པ་ཕབ་བསྐྲུན་བྱས་པ་དང་།  ཁྲི་ཀ་ས་ཁུལ་དུ་བོད་ཀྱི་སྲོལ་རྒྱུན་རྩེད་རིག་གཙོས་པའི་གླུ་གར་གྱི་ཆེད་དོན་བརྙན་གཟུགས《གཞིས་ཀའི་གླུ་གར》ཞེས་པ་ཕབ་བསྐྲུན་བྱས་ལ། མ་ཟད་ཁྲི་ཀ་རྫོང་གི་ཇོ་ཇོ་ལྷ་ཁང་དང་། མི་ཉག་དགོན་པ། ལྷ་དཀར་པོའི་ལྷ་ཁང་སོགས་གཙོས་པའི་མཚོ་ལྷོ་ན་མིང་དུ་གྲགས་པའི་གནས་ཁམས་ཆེན་ཀྱི་ཆེད་དོན་བརྙན་གཟུགས《མཚོ་ལྷོའི་གནས་ཁམས་ཆེན》ཡང་ཕབ་བསྐྲུན་བྱས།


མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་
མཉམ་འབྲེལ་སྒོས《མཚོ་ལྷོའི་གནས་ཁམས་ཆེན》ཕབ་བསྐྲུན་བྱེད་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།