《མཚོ་ལྷོའི་སྐོར་བྲོ་གཉིས་པ》དེ་ཟི་ལིང་སོགས་སུ་ཁྱབ་སྤེལ་བྱས་པ།
མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་ཆེད་ལས་མི་སྣས་སྐོར་བྲོ་ཁྲིད་པ།
ཟླ4བའི་ཚེས14ནས་ཚེས29བར། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་རང་གི་ལས་གནས་ནས་རྐང་ཚུགས་ཏེ་མུ་མཐུད་དུ《མཚོ་ལྷོའི་སྐོར་བྲོ་གཉིས་པ》ཁྱབ་སྤེལ་བྱེད་པར། ཆེད་དུ་ཆེད་ལས་མི་སྣ་སྒྲོལ་མ་མཚོ་དང་རྡོ་རྗེ་མཚོ་གཉིས་བཀོད་སྒྲིག་གནང་སྟེ་ཟི་ལིང་གྲོང་ཁྱེར་མཁར་ཤར་དཔལ་འབྱོར་སྔོག་འདོན་ས་ཁུལ་གྱི་རྒན་དར་རུ་ཁག་ཏུ་བསྐྱོད་ནས་ལྷོ་སྒོའི་ལུས་རྩལ་ཁང(ཙོང་ཁའི་སྒྱུ་རྩལ་ཚོགས་པ1)དང་ཤཱ་ཏུའུ་ཐང་ཆེན(ཙོང་ཁའི་སྒྱུ་རྩལ་ཚོགས་པ2)། མཁར་ནུབ་ས་ཁུལ་རིག་གནས་སྤྱི་གླིང་བཅས་སུ《མཚོ་ལྷོའི་སྐོར་བྲོ་གཉིས་པ》དེ་ཁྲིད་སྟོན་གྱི་བྱེད་སྒོ་གནང་བ་དང་། ཐེངས་འདིའི་བྱེད་སྒོར་ཞུགས་མཁན་མི3000ལྷག་འདུས།
མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་ཆེད་ལས་མི་སྣས་སྐོར་བྲོ་ཁྲིད་པ།
མཚོ་ཤར་ས་ཁུལ་དུ་ཡུལ་ཚོ་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་སོགས་ས་ཁུལ49ཡི་ལས་རིགས་རྐང་འཛིན་པ་དང་སྐོར་བྲོ་ལ་དགའ་མོས་ཆེ་བའི་མི4000ལྷག་ཞུགས་ཡོད་ཅིང་། ཁྲིད་སྟོན་དགེ་རྒན་འདི་གཉིས་ཀྱིས་ནན་ཏན་སྒོས་མཚོ་ལྷོའི་སྐོར་བྲོ་གཉིས་པའི་རྨང་གཞིའི་སྟངས་སྟབས་ཁྲིད་པ་དང་། སློབ་མཁན་རྣམས་ཀྱིས་ཀྱང་གཟབ་ནན་སྒོས་བསླབ་སྟེ་སྤྱི་ཚོགས་ལས་རིགས་སོ་སོ་དང་མང་ཚོགས་ཀྱི་གདེང་འཇོག་མི་འདྲ་བ་ཐོབ་ལ། འདིར་སློབ་མཁན་གྱི་མི་བསྡོམས་པས7000ལྷག་འདུས་ཤིང་། 《མཚོ་ལྷོའི་སྐོར་བྲོ་གཉིས་པ》འདི་ཁྱབ་སྤེལ་བྱེད་པའི་རྨང་གཞི་སྲ་བརྟན་བཏིངས་པ་རེད།
མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་ཆེད་ལས་མི་སྣས་སྐོར་བྲོ་ཁྲིད་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com