བོད་ལྗོངས་སུ་རྨོ་འདེབས་ཀྱི་བོད་སྨན་དངོས་མང་བཤམས་སྟོན་ཁང་ཐོག་མའི་སྒོ་ཕྱེས་པ།
ཉེ་ཆར། བོད་ལྗོངས་སུ་རྨོ་འདེབས་ཀྱི་བོད་སྨན་དངོས་མང་བཤམས་སྟོན་ཁང་ཐོག་མའི་སྒོ་ཕྱེས་ཤིང་། བོད་ལྗོངས་ཀྱི་རྨོ་འདེབས་རིག་གནས་འགྲེམ་སྟོན་དང་བོད་ལུགས་གསོ་རིག་སྨན་རྫས་ངོས་འཛིན་གྱི་སྟེགས་བུ་ཞིག་ཏུ་གྱུར་ལ། བོད་ལྗོངས་ཀྱི་རྨོ་འདེབས་ཀྱི་བོད་སྨན་དངོས་མང་བཤམས་སྟོན་ཁང་ཐོག་མ་ཡིན་པ་རེད།
རྒྱུས་ལོན་པ་ལྟར་ན་དངོས་མང་བཤམས་སྟོན་ཁང་དེ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ས་ཁུལ་དུ་ཡོད་པ་དང་། མ་དངུལ་སྒོར་ཁྲི1100བཏང་ཡོད་པ་རེད། རྨོ་འདེབས་ཀྱི་བོད་སྨན་དངོས་མང་བཤམས་སྟོན་ཁང་དེ་རུ་བོད་ལྗོངས་ཀྱི་རྨོ་འདེབས་རིག་གནས་འགྲེམ་ཁུལ་དང་། བོད་ལུགས་གསོ་རིག་སྨན་རྫས་འགྲེམ་ཁུལ། བོད་ལྗོངས་ཀྱི་དམིགས་བསལ་ཐོན་རྫས་འགྲེམ་ཁུལ་བཅས་སུ་བཀར་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com