མཚོ་ནུབ་ཁུལ་གྱིས་ན་གཞོན་གླུ་བའི་འགྲན་སྡུར་ཐོག་མ་སྤེལ།

རྩོམ་པ་པོ།:བོང་སྟག་རི་ལུ། སྐལ་བཟང་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-16 09:46:00 ཀློག་གྲངས།:
     ཟླ5བའི་ཚེས4ཉིན། གུང་གཞོན་ཚོགས་པ་མཚོ་ནུབ་ཁུལ་ཨུ་དང་ཁུལ་རིག་རྩལ་ལྷན་ཚོགས། ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་དང་ཁུལ་རོལ་དབྱངས་གླུ་གར་མཐུན་ཚོགས་དང་། གཏེར་ལེན་ཁ་གྲོང་ཁྱེར་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རོགས་སྒྲུབ་བྱས་པའི་ མི་རིགས་མཐུན་སྒྲིལ་རྟགས་མའི་ན་གཞོན་གླུ་བའི་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་གཏེར་ལེན་ཁ་གྲོང་ཁྱེར་་གཞོན་ནུའི་བྱ་འགུལ་ལྟེ་གནས་ནས་སྤེལ།
     འགྲན་སྡུར་སྟེང་མཚོ་ནུབ་ཁུལ་རོལ་དབྱངས་གླུ་གར་མཐུན་ཚོགས་དང་ཁུལ་རིག་རྩལ་ལྷན་ཚོགས། ཁུལ་མི་རིགས་གླུ་གར་ཚོགས་པའི་རྒྱལ་ཁབ་རིམ་པའི་གླུ་བ་དང་འཁྲབ་སྟོན་པ་གདན་འདྲེན་ཞུས་ཏེ་ཆེད་མཁས་དཔྱད་འདེམས་པར་བསྐོས་པ་དང་། དཔྱད་འདེམས་པའི་འགྲན་ཞུགས་པའི་སྒྲ་གདངས་དང་དབྱངས་རྟ། དབུགས་ཀྱི་ལེན་སྟངས། རོལ་དབྱངས་ཀྱི་ཉམས་འགྱུར་དང་། བརྩམས་ཆོས་ཀྱི་གོ་བ་ལེན་སྟངས། ད་དུང་འགྲན་ཞུགས་པའི་སྣང་བརྙན་དང་མཛེས་སྤྲས། གྱོན་གོས། གར་སྟེགས་སྒྱུ་རྩལ་འཁྲབ་སྟོན་སོགས་ཕྱོགས་ནས་ཕྱོགས་བསྡུས་དཔྱད་འདེམས་བྱས།
     ཁུལ་ཡོངས་ཀྱི་ས་གནས8ནས་ཡོང་བའི་མི་རིགས་ཀྱི་ན་གཞོན་གླུ་བ16འགྲན་སྡུར་སྟེང་ཞུགས་པ་དང་། སྤྲོ་སྐྱིད་ཀྱིས་ཁེངས་བའི《རྨི་ལམ་ཁྲོད་ཀྱི་བྱེ་ཐང་གི་སྤང་ལྗོངས》དང་། མཚོ་སྔོན་གྱི་ལ་གཞས《མཐོན་པོའི་སྒང་ནས་ཐང་གཤོང་དུ་ལྟ་བ》བརྩེ་སེམས་ཀྱིས་ཁེངས་བའི《ཨ་མ་དྲན་གླུ》སོགས་ཉམས་འགྱུར་མི་འདྲ་བའི་འཁྲབ་སྟོན་གྱིས་གར་སྟེགས་སྟེང་གླུ་སྐད་ཀྱིས་ཁྱབ་པར་བྱས་པ་དང་གར་སྟེགས་འོག་ཏུ་ཐལ་མོ་རྡེབ་སྒྲས་ཁེངས་བར་བྱས།
     ཤེས་གསལ་ལྟར་ན། འགྲན་སྡུར་བྱས་མ་ཐག་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་བྱས་པ་དང་འགྲན་སྡུར་དུ་ཞུགས་པའི་འདམས་ཐོན་པའི་འཁྲབ་སྟོན་གྱི་ཆུ་ཚད་དང་འཁྲབ་སྟོན་བྱེད་པའི་གླུ་དབྱངས། གསར་རྩོམ་སོགས་ཕྱོགས་གང་ནས་བལྟས་ནའང་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད་ལ། སྟོབས་ཤུགས་ཀྱིས་འབར་བའི་གླུ་བ་སྐོར་ཞིག་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་གླུ་དབྱངས་སྐོར་ཞིག་ཀྱང་བྱུང་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།