དཀར་མཛེས་ཁུལ་གྱིས་བརྗོད་བྱ་གཙོ་བོ་བྱས་པའི་འགྲེམ་སྟོན་ཁང་ཧྲེང་ཀྲེན་ལ་སྒོ་ཕྱེ་འགོ་ཚུགས།
དཀར་མཛེས་ཁུལ་གྱིས་བརྗོད་བྱ་གཙོ་བོ་བྱས་པའི་འགྲེམ་སྟོན་ཁང་ཧྲེང་ཀྲེན་ལ་སྒོ་ཕྱེ་འགོ་ཚུགས།
ཟླ་བ5པའི་ཚེས15ཉིན། ཧྲེང་ཀྲེན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཡོངས་སུ་སྤྲོ་དགའི་རྣམ་པས་ཁེངས། ཉིན་འདིའི་སྔ་དྲོའི་ཆུ་ཚོད10:15ཐོག དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། འཐུས་མི་ཚོགས་པའི་ཚོགས་གཙོ་ཡེ་ཤེས་ཟླ་བ་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་ཨུའུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱམས་བློ། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་དཔོན་གཞོན་པ་ཀྲང་ཧུའོ། ཁུལ་དཔོན་གཞོན་པ་ཀོ་ཉིང་བཅས་ཀྱིས་ཐུག་རེག་བྱས་པའི་འགོ་ཚུགས་སྒང་བུ་འཁོར་སྐྱོད་བྱས་ནས་འཛམ་གླིང་གི་ཁམས་པ། དྭངས་གཙང་གི་དཀར་མཛེས་ཁུལ་གྱིས་བརྗོད་བྱ་གཙོ་བྱས་པའི་འགྲེམ་སྟོན་ཁང་སྒོ་ཕྱེ་འགོ་ཚུགས་པར་བརྟེན། སྐབས་བཅུ་པའི་ཀྲུང་གོ(ཧྲེང་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཉོ་ཚོང་འདུས་ཚོགས་སུ་ཆེས་ཐོག་མར་སྒོ་ཕྱེ་མཁན་གྱི་ས་ཁུལ་དུ་གྱུར། འདི་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེངས་དང་པོའི་ཧྲེང་ཀྲེན་ལ་རིག་གནས་དངོས་མང་བཤམས་སྟོན་ཁང་ཆགས་པས་མ་ཚད། ས་གནས་དེ་འཛམ་གླིང་ཕྱོགས་སུ་བསྐྱོད་པའི་མཚོན་རྟགས་རེད།
ཀོ་ཉིང་གིས་ཤིས་ཚིག་ནང་དཀར་མཛེས་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ལྗོངས་རྒྱུ་ཐོན་ཁུངས་དང་འགྲེམས་སྟོན་ནང་ཞུགས་པའི་བརྩམས་ཆོས་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། དཀར་མཛེས་ཁུལ་ནས་ཕྱི་ཕྱོགས་སུ་བསྐྱོད་ཅིང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ཤུགས་ཆེར་གཏོང་རྒྱུ་དང་། མཐོ་སྒང་ལ་བརྟེན་ཏེ་ལངས་གཟུགས་ཅན་གྱི་སྒོ་ནས་གཉེར་འཚོང་བྱ་རྒྱུ་ནི་དཀར་མཛེས་ཁུལ་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུའི་ཐད་བརྒྱུད་དགོས་ངེས་ཀྱི་ལམ་ཞིག་ཡིན་པ་རེད།
2014ལོར་དཀར་མཛེས་ཁུལ་གྱི་རིག་གནས་ལྗོངས་རྒྱུ་འདི་མཚོ་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་དུ་རིག་གནས་མཚོན་རྟགས་བསྐྲུན་རྒྱུ་དང་ཁྱབ་སྤེལ་བྱས་པར་རྨང་གཞི་དེ་བས་ཡག་པོ་འདིང་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རང་ཚུགས་ཚོགས་པ་ད་ལོའི་ཧྲེང་ཁྲེན་གྱི་རྒྱལ་སྤྱིའི་རིག་གནས་སྤེལ་རེས་དངོས་མང་བཤམས་སྟོན་ཚོགས་འདུར་ཞུགས་ནས་ཁམས་པའི་རིག་གནས་འཛམ་གླིང་ཕྱོགས་སུ་སྐྱོད་དུ་འཇུག་རྒྱུའི་གྲོས་ཐག་བཅད་པ་རེད།
འགྲེམས་སྟོན་ཁང་སྒོ་ཕྱེ་བའི་མཛད་སྒོའི་ཐོག སྐུ་མགྲོན་རྣམ་པ་དང་སྨྱན་སྦྱོར་གྲོགས་པོ། དེ་བཞིན་དུ་ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་མཛུབ་རིས་འཇོག་སའི་ཤིང་སྡོང་ཐོག་རང་ཉིད་ཀྱི་མཛུབ་རིས་བཞག་ནས་རང་ཉིད་ཀྱིས་དཀར་མཛེས་ཁུལ་གྱི་རིག་གནས་འཕེལ་རྒྱས་ལ་དཔང་པོ་བྱེད་པའི་ར་སྤྲོད་བྱས་ལ། ཐུན་མོང་དུ་དཀར་མཛེས་ཁུལ་གྱི་རིག་གནས་ལྗོངས་རྒྱུ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འབྱུང་བར་དཔང་པོ་བྱེད་པའི་ར་སྤྲོད་ཀྱང་བྱས་པ་རེད།
ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་ཅུའུ་དང་ཁུལ་ལྗོངས་རྒྱུ་ཅུའུ། ཁུལ་ཚོང་འགུག་ཅུའུ་དང་དེ་བཞིན་དུ་རང་ཁུལ་གྱི་འགྲེམས་སྟོན་ནང་ཞུགས་མཁན་གྱི་སྡེ་ཚན17དང་། ཧྲེང་ཁྲེན་དམིགས་བསལ་ས་ཁུལ་གྱི་ཚགས་པར་ཁང་། ལྷོ་ཕྱོགས་ཚགས་པར་ཁང་། ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་སོགས་སྨྱན་སྦྱོར་ལས་ཁུངས30ཡི་གསར་འགྱུར་ཐོ་འགོད་པ་སྒོ་ཕྱེ་བའི་མཛད་སྒོའི་ནང་ཞུགས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com