ལིའུ་ཆི་པོས་དཀར་མཛེས་ཁུལ་གྱི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་བཤམས་སྟོན་ཁང་དུ་གཟིགས་ཞིབ་གནང་།
ལིའུ་ཆི་པོས་དཀར་མཛེས་ཁུལ་གྱི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་བཤམས་སྟོན་ཁང་དུ་གཟིགས་ཞིབ་གནང་།
ཟླ5བའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཧྲུའུ་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་ཆི་པའོ་སྐབས་བཅུ་པའི་ཀྲུང་གོ(ཧྲེང་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ལ་ཕེབས་སྐབས། ཆེད་དུ་འགྲེམས་སྟོན་ཁང་ཨང8པར་ཕེབས་ནས་དཀར་མཛེས་ཁུལ་གྱི་འཛམ་གླིང་གི་ཁམས་པ། དྭངས་གཙང་གི་དཀར་མཛེས་ཁུལ་བརྗོད་བྱ་གཙོ་བོ་བྱས་པའི་འགྲེམས་སྟོན་བྱེད་སར་གཟིགས་ཞིབ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཁྲུན་ཧྭས་ལྷན་དུ་གཟིགས་ཞིབ་གནང་བ་རེད། གཟིགས་ཞིབ་གནང་སྐབས། ལིའུ་ཆི་པའོ་ཡིས་དཀར་མཛེས་ཁུལ་གྱི་རིག་གནས་ཀྱི་རྣམ་པ་འགྲེམ་སྟོན་ཆེན་པོ་དང་གཟུགས་འདས་རིག་གནས་ཤུལ་བཞག ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས། དམངས་ཁྲོད་བཟོ་རྩལ་ཐོན་རྫས་སོགས་ལ་གཟིགས་ཞིབ་གནང་བ་རེད། ཁོང་བོད་ཡིག་ཡིག་གཟུགས་དང་བོད་ཀྱི་ཀརྨ་སྒར་བྲིས། བོད་རིགས་ཀྱི་སྨན་འདམ་ངོ་འབག་བཟོ་རྩལ་སོགས་གཟུགས་འདས་རིག་གནས་ཤུལ་བཞག་གི་རྣམ་གྲངས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམས་སྟོན་བྱེད་སར་ཕེབས་ནས་བཟོ་རྩལ་ཐོན་རྫས་ཀྱི་ཐོན་སྐྱེད་ལག་རྩལ་དང་བཟོ་རིམ་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་མོར་བླངས་པ་དང་དཀར་མཛེས་ཁུལ་གྱི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་ཞིབ་ཆ་དང་ཕུན་སུམ་ཚོགས་པའི་ལྗོངས་རྒྱུ་ཐོན་རྫས་ལ་བསྟོད་ར་གནང་ཞིང་། དཀར་མཛེས་ཁུལ་གྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་ཡང་དག་པར་བྱེད་པ་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་ཡག་པོར་སྤེལ་བ། རིག་གནས་ཐོན་རྫས་དང་ལྗོངས་རྒྱུ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་སྟོབས་ཤུགས་ཇེ་ཆེར་བཏང་ནས་ས་གནས་རང་ཉིད་ཀྱི་མང་ཚོགས་ལ་ཁེ་ཕན་དངོས་ཐོབ་པར་བྱ་དགོས་གསུངས།
དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་དབྱང་གི་འགོ་ཁྲིད་ཀྱིས་དཀར་མཛེས་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོང་གིས་ངེས་པར་དུ་ཀྲུང་དབྱང་གི་རིག་གནས་མགྱོགས་སུ་འཕེལ་རྒྱས་གཏོང་རྒྱུའི་ཐབས་ཇུས་དང་བཀོད་སྒྲིག་ལྟར་མ་སྐུལ་དང་བླངས་ཀྱིས་བྱ་བ་སྒྲུབ་པ་དང་གཅིག་གྱུར་འཆར་འགོད་བྱ་རྒྱུ། གསར་གཏོར་གསར་སྤེལ། དཀའ་སྤྱད་འགག་སྒྲོལ་བཅས་བྱས་ནས་རིག་གནས་ལམ་ལུགས་བཅོས་བསྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་ཐོན་རྫས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱམས་བློ་དང་ཁུལ་ཨུའི་རྒྱུན་ཨུ། ཁུལ་དཔོན་གཞོན་པ་ཀྲང་ཧའོ། ཁུལ་དཔོན་གཞོན་པ་གོ་ཉིང་བཅས་ཀྱིས་ཕེབས་རོགས་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com