མཐོ་རམས་པའི་ཡོན་གནས་དང་འབྲིང་རམས་པའི་ཡོན་གནས་སྤྲོད་པའི་མཛད་སྒོ་བསྡུས།
སྐབས་བཅུ་བའི་མཐོ་རམས་པའི་ཡོན་གནས་དང་སྐབས་གཉིས་པའི་འབྲིང་རམས་པའི་ཡོན་གནས་སྤྲོད་པའི་མཛད་སྒོ་བསྡུས།
ཟླ5བའི་ཚེས17ཉིན་གྱི་ཕྱི་དྲོར། བོད་བརྒྱུད་ནང་བསྟན་གྱི་སྐབས་བཅུ་བའི་མཐོ་རམས་པའི་ཡོན་གནས་དང་སྐབས་གཉིས་པའི་འབྲིང་རམས་པའི་ཡོན་གནས་སྤྲོད་པའི་མཛད་སྒོ་དེ་ཀྲུང་གོའི་བོད་རིག་པའི་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཟབ་རྒྱས་ངང་བསྡུས།
ཀྲུང་གོའི་བོད་རིག་པའི་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་བའི་མཐོ་རམས་པའི་འཛིན་གྲྭའི་དགེ་ལུགས་པའི་གྲུབ་མཐའ་དང་བཀའ་བརྒྱུད་པའི་གྲུབ་མཐའི་མཐར་ཕྱིན་གྲྭ་བཙུན11དང་། སྐབས་དྲུག་པའི་འབྲིང་རམས་པའི་འཛིན་གྲྭའི་ཇོ་ནང་བའི་གྲུབ་མཐའི་མཐར་ཕྱིན་གྲྭ་བཙུན23བཅས་དུས་ཡུན་ཉིན10ཡི་ཆོས་རྩོད་རྒྱུགས་ལེན་དང་དཔྱད་རྩོམ་རྩོད་པ་བརྒྱུད། སོ་སོ་ནི་མཐོ་རམས་པ་དང་འབྲིང་རམས་པའི་དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱི་དཔྱད་བཤེར་གཟབ་ནན་འོག་བདེ་བླག་ངང་རྒྱུགས་ལེན་ལེགས་འགྲུབ་བྱུང་ཞིང་། སོ་སོར་མཐོ་རམས་པའི་དགེ་བཤེས་ཀྱི་ཡོན་གནས་དང་འབྲིང་རམས་པའི་དགེ་བཤེས་ཀྱི་ཡོན་གནས་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com