རུ་ཤུལ་ཚེ་རིང་བརྟན་གྱི་ནང་ཆོས་རོལ་མོའི་ཆེད་བསྒྲིགས《གངས་ལྗོངས་ལྷ་དབྱངས》ཞེས་པ་འགྲེམ་སྤེལ་བྱས།
རུ་ཤུལ་ཚེ་རིང་བརྟན་གྱི་ནང་ཆོས་རོལ་མོའི་ཆེད་བསྒྲིགས《གངས་ལྗོངས་ལྷ་དབྱངས》ཞེས་པ་འགྲེམ་སྤེལ་བྱས།
ཉེ་ལམ། ཀྲུང་གོའི་ཚན་རིག་རིག་གནས་སྒྲ་བརྙན་དཔར་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་རུ་ཤུལ་ཚེ་རིང་བརྟན་གྱི་ནང་ཆོས་རོལ་མོའིCDཆེད་བསྒྲིགས《གངས་ལྗོངས་ལྷ་དབྱངས》ཞེས་པ་དངོས་སུ་འགྲེམ་སྤེལ་བྱས།
རུ་ཤུལ་ཚེ་རིང་བརྟན་གྱི་ཚབ་བྱེད་བརྩམས་ཆོས་ནི《ཤམ་བྷ་ལ》ཞེས་པ་དེ་ཡིན་ལ། ཁོ་བོར་བོད་བརྒྱུད་ནང་བསྟན་རོལ་མོའི་ཉམས་འགྱུར་ཆེན་པོ་ལྡན་ཞིང་། རྣམ་པ་མང་པོའི་བོད་ཀྱི་གླུ་གཞས་དང་རོལ་མོ་སྣ་ཚོགས་ལེན་ཐུབ། 2002ལོ་ནས་བཟུང་ཁོ་གཅིག་པུ་མཚོ་སྔོན་དང་ཀན་སུའུ་སོགས་ས་ཆར་སྒྱུ་རྩལ་པ་རྒན་པ་དག་དང་ཐུགས་འཕྲད་བྱས་ཏེ་རྒྱུ་ཆ་འཚོལ་སྡུད་དང་བོད་ཀྱི་གཞས་དང་རོལ་མོ་གསར་རྩོམ་གནང་། 2006ལོར་སེམས་ཀྱི་ཉི་ཟླའི་བོད་རིགས་དང་། ནཱ་ཞིའི་རིགས། ལེ་སོའི་རིགས་སོགས་རོལ་མོ་སྣ་ཚོགས་ཀྱིས་རུ་ཤུལ་ཚེ་རིང་བརྟན་གྱི་ཡིད་དབང་རབ་ཏུ་བཀུག་པས་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་དུ་འདུག་དགོས་བྱུང་བ་མ་ཟད། གནས་དེར་ཐུན་མོང་མ་ཡིན་པའི་རོལ་མོའི་བྱ་སྒྲུབ་ཁང་ཞིག་ཕྱེས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com