དཔའ་རིས་རྫོང་རྡོ་ལུང་སྡེ་བས་སངས་རྒྱས་སྨན་བླའི་རིག་གནས་དུས་ཆེན་སྤེལ།
ལྷ་རིར་བསང་མཆོད་བྱེད་པ།
འཁྲབ་སྟོན་དངོས།
ཟླ6པའི་ཚེས2ཉིན་ཏེ་ལུགས་རྙིང་གི་ཟླ5བའི་ཚེས5ཉིན་ནི་སངས་རྒྱས་སྨན་བླའི་དུས་ཆེན་ཡིན་ཞིང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཀྲ་ཤིས་ལུང་བ་གྲོང་རྡལ་རྡོ་ལུང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱིས་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་རོགས་འདེགས་དང་སྣེ་ཁྲིད་འོག ཉིན་འགའི་གྲ་སྒྲིག་ལེགས་པོར་བརྒྱུད། དཔའ་རིས་ཀྱི་ཨ་མྱེས་དགེ་གཉེན་ལྷ་རིའི་རི་འདབས་སུ་སྐབས་ལྔ་བའི་སངས་རྒྱས་སྨན་བླའི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་བ་རེད།
རྟ་རྒྱུག་འགྲན་བསྡུར།
ཐག་འཐེན་འགྲན་བསྡུར།
སངས་རྒྱས་སྨན་བླའི་དུས་ཆེན་གྱི་ཉིན་མོ་འདིར། དཔའ་རིས་མི་དམངས་ཀྱིས་སྨན་ཆུས་མིག་དང་དཔྲལ་བ། ལུས་ཀྱི་ལྷུ་ཚིགས་སོགས་འཁྲུས་བྱེད་ཅིང་། ཉིན་འདིའི་ཆུ་ལ་སངས་རྒྱས་སྨན་བླའི་བྱིན་རླབས་ཀྱིས་ཕན་འབྲས་སྔར་ལས་ལྷག མཛེས་སྡུག་ལྡན་པའི་མེ་ཏོག་དང་ཆུ་གཙང་མོས་སངས་རྒྱས་སྨན་བླར་མཆོད་པ་བཤམས་ལ། སྒོའི་སྟེང་དུ་སྐྱེར་མའི་མེ་ཏོག་སོགས་གསེབ་པ་ཡིན། དེ་མིན་ཉིན་འདིར་ཆེད་དུ་རྟ་རྒྱུག་དང་དམངས་གླུ་ལེན་པ། སྲོལ་རྒྱུན་གྱི་ལུས་རྩལ་འགྲན་བསྡུར་སོགས་བྱ་འགུལ་སྣ་མང་སྤེལ།
གྱོན་གོས་འཁྲབ་སྟོན།
བྱ་དགའ་ཐོབ་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com