ངོས་དང་པོ > སྐབས་དོན། > སྣ་ཚོགས། > ལྔ་བའི་ལྷ་མཆོད་དང་རོང་འབྲོག་དགྱེས་འཛོམས་དུས་སྟོན་སྤེལ་རྒྱུ་ཡིན་པ།
ལྔ་བའི་ལྷ་མཆོད་དང་རོང་འབྲོག་དགྱེས་འཛོམས་དུས་སྟོན་སྤེལ་རྒྱུ་ཡིན་པ།
རྩོམ་པ་པོ།:སོན་གསར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-09 10:35:00
ཀློག་གྲངས།:
མང་རྫོང་གི་རོང་འབྲོག་མང་ཚོགས་ཁྲོད་བསམ་ཚུལ་བརྗེ་རེས་དང་མཛའ་བརྩེའི་འབྲེལ་ཟམ་དམ་པོ་འཛུག་ཆེད་དང་། ཕ་ཡུལ་གྱི་དུས་སྐབས་གསར་བའི་རྣམ་པ་གསར་བ་མངོན་པར་མཚོན་ཞིང་། མི་རིགས་མཐུན་སྒྲིལ་དང་དཔལ་ཡོན་དར་སྤེལ། དཔལ་འབྱོར་དང་ཚོང་ཟོང་བརྗེ་རེས། སྤྱི་ཚོགས་འཆམ་མཐུན་ཡོང་བ་བཅས་ཀྱི་རྣམ་པ་རྒྱ་ཆེར་མཚོན་ཆེད་དུ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མང་ར་ཡུལ་ཚོ་ཐུད་རོལ་སྡེ་བ་ནས་ལྔ་བའི་ལྷ་མཆོད་དང་རོང་འབྲོག་དགྱེས་འཛོམས་ཀྱི་དུས་སྟོན་མཛད་སྒོ་ཞིག2014ལོའི་ཟླ6པའི་ཚེས14ནས2014ལོའི་ཟླ6པའི་ཚེས16སྟེ་ལུགས་རྙིང་གི་ཟླ5བའི་ཚེས17ནས་ཚེས19བར་སྤེལ་རྒྱུ་ཡིན་ལ། དེར་རྫོང་མི་དམངས་སྲིད་གཞུང་གི་ཆོག་མཆན་གནང་བས་རྒྱ་ཆེའི་གཟིགས་མོ་བ་རྣམས་དུས་ལྟར་གཟིགས་མོར་ཕེབས་པར་སྙིང་ནས་ཞུ།
མཛད་སྒོའི་སྐབས་ཀྱི་རིག་རྩལ་དང་འགྲན་བསྡུར་རྣམ་གྲངས་གཤམ་གསལ་ལྟར།
གཅིག གཙོ་སྒྲུབ་ལས་ཁུངས། མང་ར་ཞང་མི་དམངས་སྲིད་གཞུང་དང་ཐར་ཤུལ་ཞང་མི་དམངས་སྲིད་གཞུང་།
གཉིས། གཙོ་སྒྲུབ་མི་སྣ། སྦྱིན་བདག་ཆེན་མོ་ཚེ་རིང་བཀྲ་ཤིས།
གསུམ། རོགས་སྒྲུབ་གནང་མཁན། མང་ར་ཞང་གི་སྡེ་བ་བཅུ་གསུམ།
བཞི། བྱ་འགུལ་སྤེལ་ཡུལ། མང་ར་ཞང་ཐུད་རོལ་སྡེ་བ།
ལྔ། དུས་ཚོད། 2014ལོའི་ཟླ6པའི་ཚེས14ནས2014ལོའི་ཟླ6པའི་ཚེས16སྟེ་ལུགས་རྙིང་གི་ཟླ་ལྔ་བའི་ཚེས་བཅུ་བདུན་ནས་བཅུ་དགུའི་བར་ཡིན།
དྲུག བྱ་འགུལ་གྱི་ནང་དོན།
1 རིག་རྩལ་འཁྲབ་སྟོན། རིག་རྩལ་འཁྲབ་སྟོན་བྱེད་མཁན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཟློས་གར་ཚོགས་པ་ཡིན་ཞིང་། དེའི་ཁྲོད་དུ་བོད་ཀྱི་རྡུང་ལེན་མཁན་པོ་དཔལ་མགོན་དང་རྡོ་རེས། ཤེར་བསྟན། བཀྲ་ཤིས་སྒྲོལ་མ་སོགས་ཡོད་ལ། ད་དུང་བོད་ཀྱི་རི་གླུའི་རྒྱལ་སྲས་བཀྲ་ཤིས་ཉི་མ་དང་ལྷ་སའི་དེང་གཞས་པ་ཆོས་འར་རྒྱལ། སྒྲོལ་མ་སྐྱབས། ལུ་གུ་རྒྱལ། སྒྲོན་པེ། ཀླུ་མོ་འཚོ། ཆོས་འཚོ་སྐྱིད། འོ་ཕྱུག་སྐྱིད། གཡང་འཚོ་སྐྱིད། མཚོ་ཡག དཀོན་མཆོག་རྒྱ་མཚོ། རིག་འཛིན་སྒྲོལ་མ། སྒྲོལ་མ་བསྟན་དར། རྡོ་རྗེ་ཚེ་བརྟན། གུ་རུ། སྨན་བླ་སྐྱབས། གནམ་ལྷ་འབུམ། འབྲུག་ལྷ་རྒྱལ། གླིང་འབྲུག་མོ་ཚོགས་པ། ས་ནག་ཚོགས་པ་སོགས་བོད་ཀྱི་མིང་དུ་གྲགས་པའི་གླུ་བ་གླུ་མ་དང་སྒྱུ་རྩལ་པ་སྐོར་ཞིག་ཀྱང་སྤྱན་དྲངས་ཏེ་འཁྲབ་སྟོན་བྱེད་རྒྱུ་ཡིན།
2 རྟ་རྒྱུགས་འགྲན་བསྡུར། འགྲན་བསྡུར་འདི་ཉིད་ཐར་ཤུལ་ཡུལ་ཚོའི་རྒྱུགས་རྟ་གཙོ་བྱས་ནས་གྲུབ་པ་དང་། བྱ་དགའི་རིམ་པར་མི་དམངས་ཤོག་སྒོར་ཁྲི་བཞི་དང་སྟོང་ལྔ་གྲ་སྒྲིག་བྱས་ཡོད།
3 མདའ་རྩལ་འགྲན་བསྡུར། འགྲན་བསྡུར་འདི་ཉིད་མང་རའི་ཡུལ་གྱི་མདའ་བ་མི་སྣ་བཅོ་ལྔ་ཡིས་གྲུབ་པའི་ཚོགས་པ་བཅུ་གསུམ་ཡོད་ལ། བྱ་དགའི་རིམ་པར་མི་དམངས་ཤོག་ སྒོར་ཁྲི་བཞི་དང་སྟོང་ལྔ་གྲ་སྒྲིག་བྱས་ཡོད།
4 བོད་ཀྱི་རི་གླུ་འགྲན་བསྡུར། འགྲན་བསྡུར་འདི་ཉིད་ནི་མང་ར་དང་ཐར་ཤུལ་གྱི་གླུ་བ་གླུ་མ་གཙོ་བྱས་ནས་གྲུབ་པ་ཞིག་ཡིན་ཞིང་། འདི་ལ་ཕོ་མོ་རིགས་གཉིས་སུ་དབྱེ་སྟེ་མི་དྲུག་ལ་བྱ་དགའ་མི་དམངས་ཤོག་སྒོར་ཆིག་ཁྲི་ཉིས་སྟོང་གྲ་སྒྲིག་བྱས་ཡོད།
5 བོད་ཀྱི་བཙིར་འཇིག་འགྲན་བསྡུར། འགྲན་བསྡུར་འདི་ལ་མང་ར་དང་ཐར་ཤུལ་ཡུལ་ཚོའི་འཇིག་པ་ཕོ་མོ་སུ་ཡིན་ཡང་ཞུགས་ཆོག་པ་དང་། འདིའི་བྱ་དགའ་ལ་མི་དམངས་ཤོག་སྒོར་དྲུག་སྟོང་གྲ་སྒྲིག་བྱས་ཡོད།
བདུན། མིང་ཐོ་འགོད་སྟངས།
འགྲན་བསྡུར་ལ་ཞུགས་འདོད་ཡོད་པའི་མང་ར་དང་ཐར་ཤུལ་ཡུལ་ཚོའི་མི་རྣམས་ཀྱིས་གཤམ་གྱི་མི་སྣ་ལ་འབྲེལ་གཏུག་གནང་རོགས།
1 རྟ་རྒྱུགས་འགྲན་བསྡུར་གྱི་འགན་ཁུར་བ། མགོན་པོ་ཐར། འབྲེལ་གཏུག་ཁ་པར་ཨང་གྲངས་ནི། 13639742811
2 མདའ་རྩལ་འགྲན་བསྡུར་གྱི་འགན་ཁུར་བ། དཀོན་མཆོག འབྲེལ་གཏུག་ཁ་པར་ཨང་གྲངས་ནི། 15897042333
3 རི་གླུ་དང་བཙིར་འཇིག་འགྲན་བསྡུར་གྱི་འབྲེལ་གཏུག་བྱ་ཡུལ། མང་ར་ཞང་མི་དམངས་སྲིད་གཞུང་། ཁ་པར་ཨང་གྲངས། 0974-8504953

མང་ར་ཞང་མི་དམངས་སྲིད་གཞུང་དང་ཐར་ཤུལ་ཞང་མི་དམངས་སྲིད་གཞུང་ནས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།