ནུབ་བྱང་མི་རིགས་སློབ་ཆེན་གྱི་ཐང་གའི་ཆེད་ལས་སློབ་མའི་བརྩམས་ཆོས་འགྲེམ་སྟོན།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-13 10:11:00 ཀློག་གྲངས།:

高校唐卡专业成就“画师”梦
ནུབ་བྱང་མི་རིགས་སློབ་ཆེན་གྱི་ཐང་གའི་ཆེད་ལས་སློབ་མའི་བརྩམས་ཆོས་འགྲེམ་སྟོན།

  ཟླ6པའི་ཚེས10ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་རང་སྦྱོང་རྒྱུགས་སྤྲོད་ཀྱི་ཐང་གའི་ཆེད་ལས་སློབ་མའི་བརྩམས་ཆོས་འགྲེམ་སྟོན་ལན་ཀྲུའུ་མཛེས་རིས་གླིང་དུ་བསྡུས་ཤིང་། ཐེངས་འདིའི་འགྲེམ་སྟོན་དུ་ཐང་གའི་བརྩམས་ཆོས་དང་ཚོན་རིས་མའི་བརྩམས་ཆོས50ལྷག་འགྲེམ་སྟོན་བྱས།
  ནུབ་བྱང་མི་རིགས་སློབ་ཆེན་གྱིས2007ལོ་ནས་བཟུང་ཐང་གའི་ཆེད་ལས་ཀྱི་དངོས་གཞི་སློབ་མ་བསྡུ་འགོ་བརྩམས་ཤིང་། མིག་སྔའི་བར་དུ་ཁྱོན་བསྡོམས་སློབ་མ38བསྡུས་མོད། དེས་སྤྱི་ཚོགས་ཀྱི་མཁོ་འདོད་ཚིམས་དཀའ་བས། 2012ལོའི་ཟླ9པ་ནས་བཟུང་ད་ལྟའི་བར་སློབ་གྲྭ་དེ་གས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་སྤྲོད་ཀྱི་ཐང་གའི་ཆེད་ལས་ཀྱི་སློབ་མ་སྐབས་གཉིས་བསྡུས་པ་དང་། སྔ་གཞུག་ཏུ་སློབ་མ32བསྡུས་པ་རེད།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།