《གེ་སར》ལོ་རྒྱུས་སྙན་རྩོམ་རིང་མོའི་དངོས་བྲིས་གློག་བརྙན་གྱི་ཆེད་མཁས་པའི་མཐའ་དཔྱོད་ཚོགས་འདུ་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-14 09:41:00 ཀློག་གྲངས།:

      ཟླ6པའི་ཚེས11ཉིན། པྲ་ལས་ཐོན་པའི《གེ་སར》ལོ་རྒྱུས་སྙན་རྩོམ་རིང་མོའི་དངོས་བྲིས་གློག་བརྙན་གྱི་ཆེད་མཁས་པའི་མཐའ་དཔྱོད་ཚོགས་འདུ་བསྡུས་དེ་ཟི་ལིང་དུ་བསྡུས་ཤིང་། པེ་ཅིང་དང་། ཀན་སུའུ། མཚོ་སྔོན་སོགས་ས་ཁུལ་གྱི་ཆེད་མཁས་པ་དང་ཤེས་ཡོན་པ34ཐེངས་འདིའི་གྲོས་ཚོགས་སུ་ཞུགས། མགོ་ལོག་ཁུལ་ཨུའི་དྲིལ་སྒྲོག་པུའི་འགོ་གཙོ་གཞོན་པའམ་མགོ་ལོག་ཁུལ་རིག་གནས་ལུས་རྩལ་ཅུའི་འགོ་གཙོ་རྡོ་རྗེ་རྒྱ་མཚོས་གྲོས་ཚོགས་ལ་མདོ་འཛིན་མཛད་པ་དང་། མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སྐལ་བཟང་ཚེ་རིང་གིས་གཏམ་བཤད་སྤེལ།
      《གེ་སར》སྒྲུང་བ་ཚེ་སྒྲུབ་ཀྱིས་གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོའི་དངོས་བྲིས་གློག་བརྙན་ཕབ་སྐྲུན་མཚམས་སྦྱོར་གནང་དུས་བཤད་རྒྱུར། 2013ལོའི་ཟླ7པ་ནས་བཟུང་ཨ་དཀར་པྲ་ལས་ཐོན་པའི་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་ཀུང་ཟིའི་རོགས་རམ་འོག རྟོག་ཞིབ་ཚན་ཆུང་ཞིག་གྲུབ་ཅིང་། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་རྫོང་བཅུ་ལྷག་ལ་དུས་སྔོན་རྒྱུས་ལོན་དང་རྟོག་ཞིབ་བྱས།
      གྲོས་ཚོགས་སུ། ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱིས་པྲ་ལས་ཐོན་པའི《གེ་སར》ལོ་རྒྱུས་སྙན་རྩོམ་རིང་མོའི་དངོས་བྲིས་གློག་བརྙན་གྱི་དགེ་མཚན་དང་རིན་ཐང་།  དེ་མིན་རིག་གཞུང་དང་ནུས་རྩལ་ཐད་ཀྱི་གནད་དོན་གང་མང་བགྲོ་གླེང་དང་ཚོད་དཔྱད་བྱས་ཏེ་གཅིག་མཐུན་གྱི་ལྟ་ཚུལ་བྱུང་བ་སྟེ། རིག་གནས་ལས་གཞི་འདིའི་ལག་བསྟར་ནི་བདེན་དོན་དང་ཚན་རིག་ལྡན་པའི་སྒོ་ནས་པྲ་ལས་ཐོན་པའི་གེ་སར་རིག་གནས་རྒྱུན་འཛིན་རིན་ཐང་ཟིན་བྲིས་སུ་འགོད་པ་དང་། ངོ་མཚར་ལྡན་པའི་རིག་གནས་ནང་དོན་དང་ལག་བསྟར་དོན་སྙིང་ཕྱི་རུ་བརྟོལ་བ། མུ་མཐུད་དུ《གེ་སར》རིག་གནས་ཁྲོད་ཀྱི་གསང་བ་མང་པོ་ཕྱི་རུ་བརྟོལ་བ། ཐབས་ལམ་གཞན་དང་ལྟ་དགོངས་ལས་ཁྱད་དུ་འཕགས་པའི་ལོ་རྒྱུས་སྙན་རྩོམ་རིང་མོའི་རིག་གནས་རྒྱུ་ཆ་ལོན་ཏེ་སྔར་ལས་ལྷག་པའི་སྒོ་ནས་གནའ་བོའི་རིག་གནས་ངེས་འཛིན་རྣམ་པ་བཀོལ་སྤྱོད་སྒོས་མིའི་རིགས་ཀྱི་རིག་གནས་རྒྱུན་འཛིན་ཐད་བྱས་རྗེས་ལེགས་པོ་འཇོག་པར་དགེ་མཚན་རབ་ཏུ་ལྡན་པར་འདོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།