བོད་ཀྱི་རིག་གནས་བརྗོད་གཞིར་བྱས་པའི་འགྲན་རྒྱུག་རོལ་རྩེད་ཐོག་མ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-19 09:40:00 ཀློག་གྲངས།:

藏文化主题跑酷游戏已首创推出
བོད་ཀྱི་རིག་གནས་བརྗོད་གཞིར་བྱས་པའི་འགྲན་རྒྱུག་རོལ་རྩེད་ཐོག་མ་སྤེལ་བ།

  ཟླ6པའི་ཚེས10ཉིན། ཀྲུང་གོ་དབྱི་ཏུང་བོད་ལྗོངས་ཀུང་ཟིའི་རོལ་རྩེད་མཉམ་འབྲེལ་རྟེན་གཞི་ཡིས་བོད་ཀྱི་རིག་གནས་བརྗོད་གཞིར་བྱས་པའི་ལག་འཁྱེར་ཁ་པར་གྱི་འགྲན་རྒྱུག་རོལ་རྩེད་ཐོག་མ་སྟེ《ཉིན་རྒྱུན་ཇོ་མོ་གླང་མའི་སྟེང་རྒྱུག་པ》ཞེས་པ་དེ་སྤེལ་བ་རེད།
  རོལ་རྩེད་དེའི་ཁྲོད་བོད་ལྗོངས་ཀྱི་རང་བྱུང་རིག་གནས་དང་། ལོ་རྒྱུས་རིག་གནས། ཆོས་ལུགས་རིག་གནས་སོགས་ཀྱི་ཐོན་ཁུངས་སྤྱད་དེ་འགྲན་རྒྱུག་རིགས་ཀྱི་རོལ་རྩེད་དང་བོད་ཀྱི་རིག་གནས་དམ་པོར་སྦྲེལ་ནས་རོལ་རྩེད་འགག་སྒྲོལ་གྱི་མྱོང་ཚོར་གསར་པ་ཞིག་བསྐྲུན་པ་རེད།
  རྗེས་སོར་ཀྲུང་གོ་དབྱི་ཏུང་བོད་ལྗོངས་ཀུང་ཟིའི“མཁའ་ལམ་གྱི་བོད་ལྗོངས”ཞེས་པའི་སྤྱོད་གཉེར་ལྟེ་གནས་ཀྱིས་རོལ་རྩེད་དེར་བརྒྱུད་ནས་བོད་ཀྱི་རིག་གནས་དང་བོད་ལྗོངས་ཀྱི་གནས་སྐོར་ལ་སྤྲོ་བ་ཆེ་བའི་རོལ་རྩེད་པ་དེ་ལས་མང་པོ་ཞིག་འགུག་པར་མ་ཟད། མཁའ་ལམ་གྱི་བོད་ལྗོངས་ཞེས་པའི་མཚོན་རྟགས་ཀྱི་མཚན་སྙན་ཇེ་རྒྱས་ཇེ་ལེགས་དང་ཀུང་ཟིར་ཁེ་ཕན་དེ་ལས་མང་པོ་ཞིག་བསྐྲུན་རྒྱུ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།