ངོས་དང་པོ > སྐབས་དོན། > སྣ་ཚོགས། > ཏུའུ་ལན་རྫོང་ཤངས་སྡེ་གྲོང་བརྡལ་གྱི་དམངས་གཉེར་ཁེ་ལས་པས་རྩ་འཛུགས་བྱས་པའི་ལྒང་རྒྱག་འགྲན་སྡུར་སྤེལ།
ཏུའུ་ལན་རྫོང་ཤངས་སྡེ་གྲོང་བརྡལ་གྱི་དམངས་གཉེར་ཁེ་ལས་པས་རྩ་འཛུགས་བྱས་པའི་ལྒང་རྒྱག་འགྲན་སྡུར་སྤེལ།
རྩོམ་པ་པོ།:དོན་གྲུབ་ཚེ་རིང་། བོང་སྟག་རི་ལ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-24 10:07:00
ཀློག་གྲངས།:
ཉེ་ཆར། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བ་དང་། དམངས་ཡོངས་ཀྱི་བདེ་ཐང་གི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་རོལ་ཆེད། ཏུའུ་ལན་རྫོང་ཤངས་སྡེ་གྲོང་རྡལ་གྱི་དམངས་གཉེར་ཁེ་ལས་པས་ཤངས་སྡེ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་། གྲོང་རྡལ་མཐའ་འཁོར་གྱི་སྡེ་བ་དང་མཉམ་འབྲེལ་བྱས་ཏེ་གསེར་བྱེ་རྟགས་མའི་ལྒང་རྒྱག་འགྲན་སྡུར་སྤེལ།
ཐེངས་འདིའི་ལྒང་རྒྱག་འགྲན་སྡུར་ཉིན་དྲུག་ཡིན་པ་དང་། གྲོང་རྡལ་གྱི་སྡེ་ཁག་དང་། ལས་ཁུངས། སྡེ་བ་བཅས་ནས་ཡོང་བའི་འཐུས་ཚབ་རུ་ཁག11ཐེངས་འདིའི་འགྲན་སྡུར་ལ་ཞུགས། འགྲན་སྡུར་གྱི་སྐབས་སུ། ནམ་ཟླ་དེ་འདྲའི་ལེགས་པོ་ཞིག་མིན་ན་ཡང་། འགྲན་ཞུགས་ལུས་རྩལ་པ་དང་བལྟ་མཁན་གྱིས་དགའ་སྤྲོའི་ཁེངས་པའི་རྣམ་པ་ཡིས་ཐེངས་འདའི་ལྒང་རྒྱག་འགྲན་སྡུར་ལ་གསོན་ཤུགས་གསར་བ་ཞིག་བསྩལ།
དེ་ཡང་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ལྒང་རྒྱག་འགྲན་སྡུར་ལ་བྱ་དགའ་ཨང་དང་པོ་ནས་གསུམ་པའི་བར་དང་། ཐུན་མོང་གི་དཔལ་ཡོན་བྱ་དགའ་གཅིག་བཅས་ཡོད་པ་དང་། དེ་དག་སོ་སོར་ཨང་དང་པོར་སྒོར་སྟོང་བཞིའི་དགའ་རྟགས་དང་། ཨང་གཉིས་པར་སྒོར་སྟོང་གསུམ་གྱི་དགའ་རྟགས། ཨང་གསུམ་པར་སྒོར་སྟོང་གཉིས་ཀྱི་དགའ་རྟགས། དཔེ་ལེགས་རུ་ཁག་ལ་སྒོར་སྟོང་གཅིག་གི་དགའ་རྟགས་བཅས་ཡོད།
ཐེངས་འདིའི་བྱ་འགུལ་བརྒྱུད། ས་གནས་ཀྱི་མང་ཚོགས་ལ་ལུས་རྩལ་སྦྱོར་རྡར་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་མ་ཟད། ལུས་ཕུང་བདེ་ཐང་ཡོང་བ་དང་། མི་རིགས་མཐུན་སྒྲིལ་བྱེད་པར་ཕན་ངེས་ཅན་ཞིག་ཐོགས་པས། ས་གནས་མང་ཚོགས་ཀྱིས་བྱ་འགུལ་འདི་ལ་དགའ་བསུ་ཆེན་པོ་ཐོབ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།