“ལྗང་མདོག་གི་ཁྱིམ་གཞིས། ཞི་མཐུན་གྱི་གོ་ལའི་གྲོང”སྤྱི་ཕན་གླུ་ལེན་དགོང་ཚོགས་ཆེན་མོ་དེ་ཟི་ལིང་དུ་བསྡུས།
“ལྗང་མདོག་གི་ཁྱིམ་གཞིས། ཞི་མཐུན་གྱི་གོ་ལའི་གྲོང”ཞེས་པའི་སྤྱི་ཕན་གླུ་ལེན་དགོང་ཚོགས་ཆེན་མོ་དེ་ཟི་ལིང་དུ་བསྡུས།
མཐོ་སྒང་བུ་མོའི་ཚན་སྡེབ།
རྡུང་ལེན་སྒྱུ་རྩལ་པ་བདུད་བྷེ།
ཟླ6པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་རོལ་དབྱངས་མཁས་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་དོན་འགྲུབ་རིག་གནས་ཁྱབ་སྤེལ་མཐུན་གཉེར་ཁང་གིས་རོགས་སྒྲུབ་གནང་བའི“ཁོར་སྲུང་། སྤྱི་ཕན”བརྗོད་དོན་དུ་བཟུང་བའི་གླུ་ལེན་དགོང་ཚོགས་ཆེན་མོ་དེ་ཟི་ལིང་གྲོང་ཁྱེར་དུ་བསྡུས།
གླུ་བ་བཀྲ་ཤིས་ཉི་མ།
གླུ་བ་ཀུན་དགའ།
གླུ་མ་དབྱངས་ཅན་ལྷ་མོ།
དགོང་ཚོགས་སུ་མིང་དུ་གྲགས་པའི་བོད་རིགས་གླུ་བ་ཡར་དུང་དང་། བདུད་བྷེ། བཀྲ་ཤིས་ཉི་མ། ཤེར་བསྟན། ཀུན་དགའ། དབྱངས་ཅན་ལྷ་མོ། དབྱངས་ཅན་ལྷ་མཛེས། མདོ་བ་ཚེ་སྐྱིད། ཚེ་དབང་ལྷ་མོ། མཐོ་སྒང་བུ་མོའི་ཚན་སྡེབ་སོགས་གདན་དྲངས་ཡོད་ཅིང་། དགོང་ཚོགས་འདིའི་དམིགས་ཡུལ་གཙོ་བོ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཁྱབ་ སྒྲོག་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་ཞིང་། དེ་མིན་བོད་རིགས་དམངས་ཁྲོད་གླུ་གཞས་དང་དེང་རབས་རོལ་མོ་ཟུང་འབྲེལ་སྒོས་བོད་ རིགས་གླུ་གཞས་ཀྱི་སྙན་འཇེབས་ངོམ་པ་དང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་མཚོན་པར་བྱས།
གླུ་མ་དབྱངས་ཅན་ལྷ་མཛེས།
གླུ་མ་མདོ་བ་ཚེ་སྐྱིད།
གླུ་མ་ཚེ་དབང་ལྷ་མོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com