མཚོ་ནུབ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གཏེར་ལམ་དང་ཐེམ་ཆེན་དུ་བཅར་འདྲི་བྱ་འགུལ་མཇུག་རྫོགས།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-10 11:30:00 ཀློག་གྲངས།:


མཚོ་ནུབ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གཏེར་ལམ་དང་ཐེམ་ཆེན་དུ་བཅར་འདྲི་བྱ་འགུལ།

     ཉེ་ཆར། མཚོ་ནུབ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་མཚོ་ནུབ་བརྙན་འཕྲིན་ཁང་བོད་སྐད་པུའུ་གཉིས་ཀྱིས་མཉམ་འབྲེལ་གྱིས་སྤེལ་བའི་མཚོ་ནུབ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གཏེར་ལམ་དང་ཐེམ་ཆེན་དུ་བཅར་འདྲིར་བསྐྱོད་པའི་བྱ་འགུལ་དེ་བདེ་ལེགས་ངང་མཇུག་རྫོགས།
     མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་གོ་སྐབས་བཟང་བོ་བསྟུན་ནས། མཚོ་ནུབ་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་འཕེལ་རྒྱས་སུ་འགྲོ་བཞིན་པ་དེ་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་ཆེད། མཚོ་ནུབ་བརྙན་འཕྲིན་ཁང་བོད་སྐད་ལེ་ཚན་གྱིས་གཏེར་ལམ་དང་ཐེམ་ཆེན་དུ་བཅར་འདྲིར་བསྐྱོད་པའི་བྱ་འགུལ་སྤེལ་བ་དང་། ཐེངས་འདིའི་བཅར་འདྲི་ལས་ཀྲུང་དབྱང་གི་ཐེངས་ལྔ་བའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་མཚོ་སྔོན་སོགས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་ཀྱིས་མཚོ་ནུབ་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐོན་པའི་འགྱུར་ལྡོག་དང་ལོ་ངོ་དྲུག་ཅུའི་འོད་སྟོང་འཚེར་བའི་ལོ་རྒྱུས་དམིགས་སུ་བཟུང་ནས་བཅར་འདྲི་བྱས།


མཚོ་ནུབ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གཏེར་ལམ་དང་ཐེམ་ཆེན་དུ་བཅར་འདྲི་བྱ་འགུལ།

     བཅར་འདྲིའི་ཚོགས་པ་ཁག་གཉིས་སུ་བགར་ནས་བཅར་འདྲིར་ཕྱིན་པ་དང་། མཚོ་ནུབ་ཀྱི་གཏེར་ལེན་རྫོང་དང་ཐེམ་ཆེན་རྫོང་དུ་ཕྱིན་ནས་ཟུར་མི་འདྲ་བའི་སྒོ་ནས་མཚོ་ནུབ་ཀྱི་བོད་ཁུལ་གྱི་འབྲོག་སྡེ་གསར་བ་འཛུགས་སྐྲུན་དང་། བོད་ཁུལ་གྱི་མཁར་གྲོང་གཅིག་གྱུར་ཅན་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་དང་དམངས་འཚོ་ལེགས་བཅོས། རིག་གནས་སློབ་གསོ་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་དྲིལ་སྒྲོག་བྱས་པ་དང་། དྲིལ་སྒྲོག་བྱེད་ཐབས་ལ་གསར་འགོད་པའི་སྐུད་ལམ་ནས་སྒྲོག་པ་དང་། གནས་ཚུལ་དངོས་སྒྲ་བླངས་ནས་དྲིལ་སྒྲོག་བྱེད་པ། དྲ་ཚིགས་སོགས་བརྒྱུད་ནས་བསྒྲགས་ཅིང་ཆེས་ལེགས་པའི་གསར་འགྱུར་སྐོར་ཞིག་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ནས་བརྒྱུད་གཏོང་བྱས།


མཚོ་ནུབ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གཏེར་ལམ་དང་ཐེམ་ཆེན་དུ་བཅར་འདྲི་བྱ་འགུལ།

     བོད་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་གཏེར་ལམ་རྫོང་དང་ཐེམ་ཆེན་རྫོང་ནི་མཚོ་ནུབ་ས་ཁུལ་ལ་མཚོན་ན་མཚོ་ངོས་ལས་རྨིད་ཆེས་མཐོ་བ་དང་། མཁའ་དབུགས་ཆེས་ཞན་པ། རྒྱ་ཁྱོན་ཆེས་ཆེ་བ་དང་། ཆེས་མཐའ་འཁོབ་ཀྱི་རྫོང་གཉིས་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ཞན་པ་དང་། ཕྱུགས་ལས་ཀྱི་ཡོང་འབབ་དམའ་བ། རྨང་གཞིའི་སྒྲིག་ཆས་ཞན་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་རྗེས་ལུས་ཡིན་པ་བཅས་ལ་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་རིམ་པའི་ཐུགས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་ལ། བཅར་འདྲི་ཚོགས་པས་ཀྱང་དཀའ་སྤྱད་སྡུག་རུས་ཀྱི་སྒོ་ནས་ལོ་འདི་གའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱིས་ཐུགས་ཁུར་ཆེན་པོ་བྱས་ནས་གཏེར་ལམ་རྫོང་དང་ཐེམ་ཆེན་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྣམ་པ་དྲིལ་སྒྲོག་གང་ལེགས་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།