བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་བཙུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-28 10:06:00 ཀློག་གྲངས།:

བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་བཙུགས་པ།

      ཟླ7པའི་ཚེས25ཉིན། བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་དངོས་སུ་བཙུགས་པ་དང་། བོད་ཡིག་དཔེ་རྙིང་ཡིག་ཚགས་སྲུང་སྐྱོབ་དང་ཞིབ་འཇུག་སྔར་ལས་ཇེ་དྲག་ཏུ་བཏང་།
      བོད་ལྗོངས་སློབ་ཆེན་གྱི་སློབ་གཙོ་ཕུར་བུ་ཚེ་རིང་གིས་མཚམས་སྦྱོར་གནང་རྒྱུར། བོད་རང་སྐྱོང་ལྗོངས་ཀྱི211ལས་གཞིའི་གལ་ཆེའི་འཛུགས་སྐྲུན་སློབ་ཆེན་ཉག་ཅིག་ཡིན་པའི་ཆ་ནས་བོད་ལྗོངས་སློབ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་བོད་ཡིག་དཔེ་རྙིང་ཡིག་ཚགས་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་ཅིང་། དུས་རབས་བཅུ་གསུམ་པའི་སྔོན་གྱི་ཕོ་རིའི་ཡིག་རྙིང་མྱུར་སྐྱོབ་དང་ལེགས་སྒྲིག་བྱས།
      རྒྱུས་ལོན་པ་ལྟར་ན། དཔེ་རྙིང་སྲུང་སྐྱོབ་བྱེད་པར་སྐུལ་འདེད་དང་། བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་དང་དཔེ་རྙིང་སྲུང་སྐྱོབ་ཆེད་མཁས་པའི་ཨུ་ཡོན་ལྷན་ཚོགས་བཙུགས་ཤིང་། ཕྱོགས་ཡོངས་ནས་དཔེ་རྙིང་སྲུང་སྐྱོབ་ལས་གཞི་སྤེལ་བ་རེད།
      མིག་སྔའི་བར་བོད་ལྗོངས་ལ་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག  བོད་ལྗོངས་རྟེན་མཛོད་ཁང་། བོད་ལྗོངས་ཡིག་ཚགས་ཁང་བཅས་རྒྱལ་ཡོངས་གལ་ཆེའི་དཔེ་རྙིང་ཉར་ཚགས་ལས་ཁུངས4ཡོད་པ་དང་། 《རྒྱལ་ཁབ་ཀྱི་ཁྱད་ནོར་དཔེ་རྙིང་མིང་ཐོ》རུ་བོད་ཡིག་ཁྱད་ནོར་དཔེ་རྙིང158ཚུད་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།