གསེར་ཆེན་རྫོང་གངས་ལྷ་བོད་སྨན་ཁང་གིས་མང་ཚོགས་ལ་སྨན་སྦྱིན་བཏང་བ།
གསེར་ཆེན་རྫོང་གངས་ལྷ་བོད་སྨན་ཁང་གིས་མང་ཚོགས་སྨན་སྦྱིན་བཏང་བ།
བླ་མཚོ་སྔོན་མོ་གཡུ་ཡི་མེ་ལོང་ལྟར་མདངས་བཀྲ་ཞིང་། ནེའུ་གསིང་གཡུ་ལོ་རྨ་བྱའི་མགྲིན་པ་ལྟར་བྱིན་ཆགས་པའི་དབྱར་གྱི་དཔལ་མོའི་དགྱེས་འཛུམ་ལྷུག་པར་གྲོལ་བའི་དུས་བཟང་ལ། གསེར་ཆེན་རྫོང་གི་སྐབས་དང་པོའི་བླ་མཚོ་རྟགས་མའི་རྟ་རྒྱུག་དགའ་སྟོན་དང་ ཕྱུགས་རྒྱུད་འགྲན་བསྡུར་ཚོགས་ཆེན་དེ2014ལོའི་ཟླ7པའི་ཚེས28ནས་ཚེས29བར་གསེར་ཆེན་རྫོང་རྟ་ནག་མ་ཤང་དང་ཁད་མི་རིང་བའི་མཚོ་འགྲམ་ནས་བསྡུས་པ་རེད།
གསེར་ཆེན་རྫོང་གངས་ལྷ་བོད་སྨན་ཁང་གིས་མང་ཚོགས་སྨན་སྦྱིན་བཏང་བ།
དགའ་སྟོན་འདིའི་ཉིན་གཉིས་པར། གསེར་ཆེན་རྫོང་གངས་ལྷ་བོད་སྨན་ཁང་གིས2014ལོའི་ཁུལ་དང་རྫོང་རིམ་པའི་མང་ཚོགས་ལམ་ཕྱོགས་སློབ་གསོའི་དགོངས་དོན་དང་བསྟུན་ཞིང་། རྒྱ་ཆེའི་ནད་པ་མང་པོའི་ཉེར་འཚེའི་དཀའ་ཁག་ལ་དམིགས་ཏེ་དགའ་སྟོན་ལ་འདུས་པའི་མང་ཚོགས་ལྷན་རྒྱས་ལ་དམངས་སྒོར་ཁྲི6ལྷག་རི་བའི་རྒྱུན་བཀོལ་སྨན་གྱི་སྦྱིན་པ་བཏང་བས། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་དང་འབྲེལ་ཡོད་ལས་ཁུངས་ཀྱི་དགའ་བསུ་ཆེན་པོ་ཐོབ།
གསེར་ཆེན་རྫོང་གངས་ལྷ་བོད་སྨན་ཁང་གིས་མང་ཚོགས་སྨན་སྦྱིན་བཏང་བ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com