རྒྱལ་ཡོངས་སྒ་སྐྱ་ལོའི་རིག་གནས་རིག་གཞུང་བགྲོ་ཚོགས་སྐབས་གཉིས་པ་འབྲི་སྟོད་རྫོང་དུ་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-06 11:40:00 ཀློག་གྲངས།:


རྒྱལ་ཡོངས་སྒ་སྐྱ་ལོའི་རིག་གནས་རིག་གཞུང་བགྲོ་ཚོགས་སྐབས་གཉིས་པ་འབྲི་སྟོད་རྫོང་དུ་བསྡུས།

     ཟླ8པའི་ཚེས3ཉིན། རྒྱལ་ཡོངས་སྒ་སྐྱ་ལོའི་རིག་གནས་རིག་གཞུང་བགྲོ་ཚོགས་སྐབས་གཉིས་པ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དུ་བསྡུས།

རྒྱལ་ཡོངས་སྒ་སྐྱ་ལོའི་རིག་གནས་རིག་གཞུང་བགྲོ་ཚོགས་སྐབས་གཉིས་པ་འབྲི་སྟོད་རྫོང་དུ་བསྡུས།
གྱོན་ཆས་འཁྲབ་སྟོན།


གྱོན་ཆས་འཁྲབ་སྟོན།


གཡག་ལ་ཁལ་བཀལ་ཏེ་ར་སྤོར་བའི་རྣམ་པ།

     མཛད་སྒོའི་སྟེང་། རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགོ་གཙོ་ནོར་བུ་དབང་ལྡན་གྱིས་འབྲི་སྟོད་རྫོང་གི་སྒ་སྐྱ་ལོའི་རིག་གནས་སྔོག་འདོན་དང་གེ་སར་རིག་པའི་ཞིབ་འཇུག་ཁྱབ་ཁོངས་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་གདེང་འཇོག་ཆེན་པོ་གནང་བ་དང་། རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་འབྲི་སྟོད་རྫོང་གི་སྒྲུང་བའི་གཞིས་ཁྱིམ་ལ་སྒོ་བྱང་གནང་། མ་ཟད་གཙང་གསུམ་འབྱུང་ཡུལ་ནས་སླེབས་པའི་གེ་སར་སྒྲུང་བས་ངོ་མཚར་གྱི་འཁྲབ་སྟོན་བྱས་ཤིང་། འབྲི་སྟོད་རྫོང་གིས་ཆེད་དུ་སྒ་སྐྱ་ལོའི་དམངས་སྲོལ་འགྲེམ་སྟོན་རྩ་འཛུགས་བྱས་ཏེ་རྟའི་བང་རྩལ་འགྲན་བསྡུར་དང་། གཡག་ལ་ཁལ་བཀལ་ཏེ་ར་སྤོར་བ། སྒ་སྐྱ་ལོའི་གྱོན་ཆས་འགྲེམ་སྟོན། སྒ་སྐྱ་ལོའི་གཉེན་སྲོལ། གླུ་གར་སོགས་འཁྲབ་སྟོན་གནང་བ་རེད།


སེང་ལྕམ་འབྲུག་མོའི་སྐྲ་བསླས་པ།

     རྒྱལ་ཡོངས་གེ་སར་རིག་པའི་ཁྱབ་ཁོངས་ཀྱི་མིང་གྲགས་ཆེད་མཁས་པ་དང་ཤེས་ཡོན་པ། ཡུལ་ཤུལ་ས་གནས་ཀྱི་གེ་སར་རིག་པ་དང་སྒ་སྐྱ་ལོའི་རིག་གནས་ཞིབ་འཇུག་མི་སྣ་སོགས་མི80ལྷག་ཐེངས་འདིའི་བགྲོ་ཚོགས་སུ་ཞུགས་ཤིང་། ཡུལ་ཤུལ་ཁུལ་དང་འབྲི་སྟོད་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གཏམ་བཤད་གནང་བ་དང་། དེའི་རྗེས་ཀྱི་ཉིན་གཉིས་ནང་རྒྱལ་ཡོངས་གེ་སར་རིག་པའི་མིང་གྲགས་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་འབྲི་སྟོད་རྫོང་གི་སྒ་སྐྱ་ལོའི་རིག་གནས་ཤུལ་བཞག་ལ་ཡུལ་དངོས་གཟིགས་ཞིབ་བྱས་པ་དང་། ཆེད་དོན་གཏམ་བཤད་དང་རང་དབང་བགྲོ་གླེང་སོགས་སྤེལ་ཏེ་གེ་སར་རིག་པའི་ཞིབ་འཇུག་ལ་སྒོ་གླེགས་གསར་བ་ཕྱེས།


བྲོ་གར་འཁྲབ་སྟོན།


རྟའི་བང་རྩལ་འགྲན་བསྡུར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།