ངོས་དང་པོ > སྐབས་དོན། > སྣ་ཚོགས། > སྐུ་འབུམ་དགོན་པའི་བོད་སྨན་ཁང་གིས་གཅིག་སྒྲིལ་རྫོང་དུ་མང་ཚོགས་ལ་སྨན་སྦྱིན་དང་ནད་བཅོས་བྱས།
སྐུ་འབུམ་དགོན་པའི་བོད་སྨན་ཁང་གིས་གཅིག་སྒྲིལ་རྫོང་དུ་མང་ཚོགས་ལ་སྨན་སྦྱིན་དང་ནད་བཅོས་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།
དུས་ཚོད།:2014-08-11 10:57:00
ཀློག་གྲངས།:
ཉེ་སྔོན། སྐུ་འབུམ་དགོན་པའི་བོད་སྨན་ཁང་གི་སྨན་བཅོས་རུ་ཁག་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་དྲུག་ཆེན་སུམ་མདོ་གྲོང་རྡལ་དང་དཔལ་ཡུལ་ཞང་། སོག་རུ་མ་ཞང་། ད་དུང་གཅིག་སྒྲིལ་རྫོང་ཁུངས་ན་ཡོད་པའི་སྟག་ལུང་དགོན་པ་དང་ཉིན་ཡོལ་དགོན་པ་སོགས་སུ་སོང་ནས་ས་གནས་དེ་གའི་འབྲོག་པ་མང་ཚོགས་ལ་ནད་བརྟག་སྨན་བཅོས་བྱེད་པ་དང་སྨན་སྟེར་བ་བཅས་ཀྱི་འོས་འགན་བྱ་འགུལ་སྤེལ་བ་རེད།
འོས་འགན་ནད་བཅོས་ཀྱི་བྱ་འགུལ་ཁྲོད། སྨན་བཅོས་རུ་ཁག་གིས་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་ནད་སྟོན་དུ་ཡོང་བའི་མང་ཚོགས་གཅིག་ཀྱང་མ་ལུས་པར་འདྲི་རྟོག་དང་སྨན་བཅོས་བྱས་ཡོད་ལ། ཉིན་བཞིའི་རིང་གི་ནད་བཅོས་བྱ་འགུལ་ཁྲོད་ཁྱོན་བསྡོམས་འབྲོག་མི1300ལྷག་ལ་ནད་བརྟག་སྨན་བཅོས་བྱས་པ་དང་། སྨན་རིགས70ལྷག་བྱིན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། སྐུ་འབུམ་དགོན་པའི་བོད་སྨན་ཁང་གིས་སྐབས་འདིའི་སྨན་བཅོས་ཁྲོད་ཕལ་ཆེར་མང་ཚོགས་རེ་རེར135ཡི་སྨན་བྱིན་ཡོད་དེ། ཁྱོན་བསྡོམས་སྒོར170000གྱི་སྨན་བྱིན་ནས། ས་གནས་དེ་གའི་མང་ཚོགས2000ལྷག་ལ་ཕན་ཐོག་ཆེན་པོ་བསྐྲུན་ཡོད་པ་རེད། གཞན་སྐུ་འབུམ་དགོན་པའི་བོད་སྨན་ཁང་གིས་ད་དུང་གཅིག་སྒྲིལ་རྫོང་ལ་སྒོར65000ལྷག་གི་སློབ་སྦྱོང་གི་ཉེར་མཁོ་དངོས་རྫས་མང་པོ་བྱིན་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།