ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལྷ་སར་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-14 10:12:00 ཀློག་གྲངས།:
     ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཞེས་པ་ལྷ་ས་རུ་བསྡུས་ཤིང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུའུ་ཀྲིན་ཧྲིན་གྱིས་ཆེད་དུ་ཤིས་འཕྲིན་བཏང་སྟེ་རྟེན་འབྲེལ་ཞུས། རྒྱལ་ཁབ་དང་ས་ཁུལ30ལྷག་གི་འཐུས་མི100ལྷག་ཐེངས་འདིའི་གླེང་སྟེགས་སུ་ཞུགས་པ་དང་། དེ་ལས་རྒྱལ་ཕྱིའི་འཐུས་མི40ལྷག་ཡོད།  འདི་ནི་བོད་ལྗོངས་འཕེལ་རྒྱས་བརྗོད་གཞི་བྱས་ཏེ་ཐོག་དང་པོར་བོད་ལྗོངས་སུ་སྤེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་ཆེན་མོ་ཞིག་རེད།
     ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་གཞི་ནི་བོད་ལྗོངས་འཕེལ་རྒྱས་ཀྱི་གོ་སྐབས་དང་འདེམ་ག་ཞེས་པ་དེ་ཡིན་པ་མ་ཟད། དེར་བོད་ལྗོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལམ་བུ་དང་། བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། བོད་ལྗོངས་ཀྱི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བཅས་གྲོས་གཞི་གསུམ་དབྱེ་བ་རེད།
     གླེང་སྟེགས་འདི་ནི་དུས་ཡུན་ཉིན་གཅིག་དང་ཕྱེད་ཀར་སྤེལ་ལ། གྲོས་ཚོགས་མཇུག་སྒྲིལ་རྗེས་རྒྱལ་ཁབ་ཕྱི་ནང་གི་ཚོགས་ཞུགས་འཐུས་མི་རྣམས་ལྷ་ས་དང་ཉིང་ཁྲི་གཉིས་སུ་གཟིགས་ཞིབ་དང་བོད་ལྗོངས་ཀྱི་འཕེལ་རྒྱས་འགྱུར་བར་ཡུལ་དངོས་མྱོང་སྣང་། བོད་ལྗོངས་དངོས་ལ་རྒྱུས་ལོན་བཅས་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།