གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་བསྡུ་རྒྱུ་ཡིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-22 09:54:00 ཀློག་གྲངས།:
     ཉེ་ལམ། 2014ལོའི་སྐབས་གསུམ་པའི་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་མདའ་འཕེན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་།  རྨ་ལྷོ་ཁུལ་སྲིད་གཞུང་དང་གཅན་ཚ་རྫོང་ཨུ་རྫོང་སྲིད་གཞུང་གིས་འགན་སྒྲུབ་གནང་བའི2014ལོའི་སྐབས་གསུམ་པའི་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་ཟླ9བའི་ཚེས10ཉིན་ནས་ཚེས13ཉིན་བར་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ་བསྡུ་རྒྱུ་རེད།
     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གདན་ཞུ་འགྲན་ཚོགས་ནི་སྲིད་གཞུང་གིས་འགན་སྒྲུབ་དང་དམངས་ཡོངས་ཟབ་ཞུགས་དང་།  སྤྲོ་དགྱེས་དང་གྲོན་ཆུང་། བདེ་འཇགས། འཆམ་མཐུན”བཅས་ཡིན་པའི་རྩ་དོན་ལྟར། གཙོ་ཆེར་མདའ་འཕེན་རིག་གནས་ཁྱབ་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དར་སྤེལ་བྱེད་པ་དང་ཆབས་ཅིག རྒྱལ་ཁབ་ཕྱི་ནང་གི་མདའ་དུངས་གྲོགས་པོ་དབར་ཕན་ཚུན་འབྲེལ་འདྲིས་དང་ལྷན་དུ་བགྲོ་གླེང་བྱེད་ཆོག་པའི་མདའ་རྩལ་སྟེགས་བུ་ཞིག་མཁོ་འདོན་བྱས་པ་ཡིན།  སྐབས་འདིར་རྒྱལ་ཁབ་དང་ས་ཁུལ10ཡི་འཐུས་ཚབ་ཚོགས་པ་དང་རྒྱལ་ནང་གི་འཐུས་ཚབ་ཚོགས་པ20། དེ་མིན་རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་པ1000ལྷག་མདའ་མོ་གཡང་རྫོང་འདི་རུ་འཛོམས་ཏེ་འགྲན་བསྡུར་དུ་ཞུགས་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།