ཐེངས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་མཐུན་སྦྱོར་བྱ་བའི་གྲོས་ཚོགས་དར་མདོ་རུ་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-22 10:36:00 ཀློག་གྲངས།:

ཐེངས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་མཐུན་སྦྱོར་བྱ་བའི་གྲོས་ཚོགས་དར་མདོ་རུ་བསྡུས།
ཐེངས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་མཐུན་སྦྱོར་བྱ་བའི་གྲོས་ཚོགས་དར་མདོ་རུ་བསྡུས།


ཐེངས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་མཐུན་སྦྱོར་བྱ་བའི་གྲོས་ཚོགས་དར་མདོ་རུ་བསྡུས།

     ཟླ8པའི་ཚེས20ཉིན།  ཐེངས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་མཐུན་སྦྱོར་བྱ་བའི་གྲོས་ཚོགས་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་དུ་བསྡུས་ཤིང་། དཀར་མཛེས་ཁུལ་ཁུལ་ཨུའི་རྒྱུན་ཨུ་དང་། དྲིལ་སྒྲོག་པུའི་འགོ་གཙོ། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱམས་ལོ་གྲོས་ཚོགས་སུ་ཞུགས་ཏེ་གཏམ་བཤད་སྤེལ་བ་དང་། དཀར་མཛེས་ཁུལ་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་པེ་སུའུ་དབྱིན་དང་། ཁུལ་སྲིད་གྲོས་ཀྱི་འགོ་གཙོ་གཞོན་པ་ཅང་ཤིའུ་དབྱིན། མཚོ་སྔོན་ཚགས་པར་ཁང་གི་འགོ་གཙོ་གཞོན་པ་དགེ་གཉེན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ངག་དབང་ཚེ་རིང་སོགས་དང་། ཀྲུང་དབྱང་མི་དམངས་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། བོད་ལྗོངས་ཉིན་རེའི་ཚགས་ཁང་སོགས་ཀྲུང་དབྱང་དང་ཞིང་ལྗོངས་ལྔའི་སྨྱན་བྱད་ལས་ཁུངས29ཡི་བོད་སྐད་སྨྱན་བྱད་བྱ་སྒྲུབ་པ་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་པ་རེད།


ཐེངས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་མཐུན་སྦྱོར་བྱ་བའི་གྲོས་ཚོགས་དར་མདོ་རུ་བསྡུས།

     གྲོས་ཚོགས་སུ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་འགོ་གཙོ་ཨ་ལན་གྱིས་ཤིས་ཚིག་ཕུལ་ཞིང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་འགོ་གཙོ་གཞོན་པ་དགེ་གཉེན་གྱིས《ཕན་འབྲས་ལ་ཁས་ལེན་བྱེད་འོས་ཤིང་མཐུན་སྦྱོར་ལ་ད་དུང་ཤུགས་སྣོན་དགོས》ཞེས་པའི་གཏམ་བཤད་སྤེལ་ཏེ། བོད་སྐད་སྨྱན་བྱད་མཐུན་སྦྱོར་བྱ་བ་སྤེལ་བ་ནས་བཟུང་བླངས་པའི་གྲུབ་འབྲས་ལ་ཕྱིར་གཞིག་དང་། གསར་འགྱུར་དཔུང་ཁག་འཛུགས་སྐྲུན་དང་གསར་འགྱུར་བསླབ་གཞི་སྒྲིག་རྩོམ། བོད་ཡིག་མཉེན་ཆས་སྔོག་འདོན་སོགས་ཀྱི་གནད་དོན་ཐད་བསམ་ཚུལ་དང་འདོད་བློ་བརྗོད་པ་རེད།


ཐེངས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་མཐུན་སྦྱོར་བྱ་བའི་གྲོས་ཚོགས་དར་མདོ་རུ་བསྡུས།

     བྱམས་ལོ་ཡིས་དཀར་མཛེས་ཁུལ་གྱི་གཞི་རྩའི་གནས་ཚུལ་དང་གསར་འགྱུར་དྲིལ་སྒྲོག་བྱ་བ། དེ་མིན་བོད་སྐད་སྨྱན་བྱད་ཐད་ཀྱི་གཞི་རྩའི་གནས་ཚུལ་བཅས་མཚམས་སྦྱོར་གནང་བ་དང་ཆབས་ཅིག བོད་སྐད་སྨྱན་བྱད་ལས་རིགས་སོ་སོ་དང་རྒྱ་ཆེའི་གསར་འགྱུར་བྱ་སྒྲུབ་པས་རང་སྟེང་གི་འགན་འཁྲི་མི་བརྗེད་པར། བོད་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་གཞི་བཟུང་སྟེ། མུ་མཐུད་དུ་བོད་སྐད་སྨྱན་བྱད་ཀྱི་དྲིལ་སྒྲོག་ཆུ་ཚད་མཐོར་འདེགས་དང་། ཕན་ཚུན་དབར་གྱི་འབྲེལ་འདྲིས་དང་མཉམ་འབྲེལ་ལ་སྔར་ལས་ཤུགས་སྣོན་པར་སྨོན་འདུན་ཞུ།


ཐེངས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་མཐུན་སྦྱོར་བྱ་བའི་གྲོས་ཚོགས་དར་མདོ་རུ་བསྡུས།

     གྲོས་ཚོགས་ཀྱི་རྗེས་སུ། ཆེད་མཁས་པ་དང་གསར་འགྱུར་བྱ་སྒྲུབ་པས་བརྡ་ཆད་གསར་བ་གཅིག་གྱུར་དང་ཚད་ལྡན། གནས་གཞན་དུ་བཅར་འདྲི་དང་འབྲེལ་འདྲིས་སོགས་བྱེད་པའི་གནད་དོན་ཐད་བགྲོ་གླེང་གནང་བ་མ་ཟད། གསར་འགྱུར་ལེགས་པོ་དང་། འགྱུར་ལེགས་པོ། དཔྱད་རྩོམ་ལེགས་པོ་སོགས་ལེགས་འདེམ་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།