མཚོ་ནུབ་ཁུལ་གྱིས་ཚྭ་འདམ་ཕུལ་བྱུང་སྒྱུ་རྩལ་པའི་ན་གཞོན་གླུ་དབྱངས་འགྲན་ཚོགས་སྐབས་དང་པོ་བསྡུས།
མཚོ་ནུབ་ཁུལ་གྱིས་ཚྭ་འདམ་ཕུལ་བྱུང་སྒྱུ་རྩལ་པའི་ན་གཞོན་གླུ་དབྱངས་འགྲན་ཚོགས་སྐབས་དང་པོ་བསྡུས།
ཉེ་ཆར། མཚོ་ནུབ་ཁུལ་བཙུགས་ནས་ལོ་ངོ་60འཁོར་བར་བསུ་བ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་འཛུགས་སྐྲུན་ལ་ཡར་སྐུལ་བྱས་ཏེ། མཚོ་ནུབ་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཆེད། མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། གཏེར་ལེན་ཁ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་ནུབ་ཁུལ་རིག་གནས་བརྒྱུད་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིས་འགན་སྒྲུབ་བྱས་པའི་མཚོ་ནུབ་ཁུལ་གྱི་ཚྭ་འདམ་ཕུལ་བྱུང་སྒྱུ་རྩལ་པའི་ན་གཞོན་གླུ་དབྱངས་འགྲན་ཚོགས་སྤེལ།
ཐེངས་འདིའི་ན་གཞོན་གླུ་དབྱངས་འགྲན་སྡུར་གྱི་འགྲན་ཞུགས་པ་རྣམས་ནི་ཁུལ་ཡོངས་ཀྱི་ས་གནས་བརྒྱད་ཀྱི་ལས་རིགས་སོ་སོ་ནས་ཐོན་པ་ཡིན་ལ། ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་བཅས་བྱས་ཏེ་མཐར་འགྲན་ཞུགས་པ17རྟིང་རྩོད་འགྲན་སྡུར་ནང་བདམས་ཐོན་བྱུང་། རྟིང་རྩོད་འགྲན་སྡུར་ལ་དེང་རབས་ཀྱི་ལེན་སྟངས་དང་། མི་རིགས་ཀྱི་ལེན་སྟངས། མཉམ་ལེན། འཁྲབ་ལེན། སྲོལ་རྒྱུན་ལེན་སྟངས་སོགས་ཀྱི་རྣམ་པར་བཀར་ཡོད། འགྲན་སྡུར་ཁྲོད་འགྲན་ཞུགས་པ་སོ་སོས་རང་ཉིད་ཀྱི་འཇོན་ཐང་ལྟར་ལེན་སྟངས་མི་འདྲ་ཞིང་། ཁྱད་ཆོས་མི་འདྲ་བ་མངོན་ཏེ་ཡུལ་དངོས་ཀྱི་ལྟ་མཁན་སྐུ་མགྲོན་རྣམས་ལ་རིག་གནས་སྒྱུ་རྩལ་གྱི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་མཁོ་སྤྲོད་བྱས། ངོ་མཚར་ཆེ་བའི་འཁྲབ་སྟོན་ཉམས་འགྱུར་དང་ཚོགས་རའི་ལྟད་མོ་བ་ཚོའི་དགའ་སྤྲོའི་ཐེལ་སྒྲ་ཡིས་ཡུལ་དངོས་ཧྲིལ་བོ་དགའ་མགུ་རྣམ་པས་ཁེངས་ཤིང་། འགྲན་སྡུར་གྱི་རྣམ་པར་མཐོ་རླབས་གསར་བ་བསྣན།
དུས་ཡིན་ཉིན་ལྔ་ལྷག་རིང་གི་ཛ་དྲག་འགྲན་སྡུར་བྱས་པ་བརྒྱད། ན་གོར་མོའི་འགྲན་ཞུགས་པ་བང་ཆིན་དང་། གཏེར་ལེན་ཁའི་འགྲན་ཞུགས་པ་རྒྱ་བཟའ་བསྟན་འཛིན། ཚེ་རིང་མ། ཚྭའི་ཏན་གྱི་འགྲན་ཞུགས་པ་ཧུའུ་ཡོང་ཆིང་་དང་། ཐེམ་ཆེན་རྫོང་གི་འགྲན་ཞུགས་པ་གཡུ་སྒྲོན་འཚོ་དང་། རྒྱལ་ཁོ་བཅས་ལ་སོ་སོར་བྱ་དགའ་ཨང་དང་པོ་དང་གཉིས་པ། ཨང་གསུམ་པ་བཅས་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com